ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།
ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་བརྒྱུད་སྒྲོག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབྱང་ཧྥིན་ཁྲུན་དང་ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོས་ཀང་། དྲུང་ཡིག་ཆེན་མོ་ཁྲིན་ཏུང་ཁྲང་། དེ་མིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བསྡོམས་པས་མི་རེ་གཅིག་གྲོས་ཚོགས་ལ་ཞུགས་པ་དང་། དེ་ཁྲིམས་བཅད་མི་གྲངས་དང་མཐུན།
ཁྲིན་ཀང་གིས་གཏམ་བཤད་ཁྲོད་བསྟན་དོན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་དེས་སྐབས་འདིའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དངོས་སུ་འགན་སྒྲུབ་བྱས་པ་མཚོན། ཞིང་ཆེན་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སློབ་སྦྱོང་ཡང་ཡང་བྱས་ཏེ་གོ་རྟོགས་ཇེ་མཐོར་གཏོང་བ་དང་ཞིབ་འཇུག་ཟབ་མོ་བྱས་ཏེ་རྒྱུས་ལོན་ཡང་དག་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་དོན་འཁྱོལ་བཟང་བོ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དམངས་ཆེན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ཅེས་པའི་ཆེས་མཐོ་བའི་ཆབ་སྲིད་རྩ་དོན་དམ་པོར་བཟུང་སྟེ་སྣེ་ཁྲིད་ནས་ཆབ་སྲིད་ཀྱི་བློ་རྩ་བརྟན་པོ་ཡོང་བར་བྱེད་དགོས། དུས་རབས་གསར་པའི་ཏང་གི་གསར་གཏོད་གཞུང་ལུགས་སྣེ་ཁྲིད་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བརྗོད་དོན་སློབ་གསོར་དམིགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དམངས་ཆེན་བྱ་བའི་ཕྱོགས་སོ་སོ་དང་གོ་རིམ་ཧྲིལ་བོར་དོན་འཁྱོལ་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་དུས་རབས་ཀྱི་བརྗོད་གཞིར་སྤྱི་འདོམས་བྱས་ཏེ་སྣེ་ཁྲིད་ནས་སྤྱི་ཡོངས་ལ་ཞབས་འདེགས་བཟང་བོ་ཞུ་ཐུབ་པར་བྱེད་དགོས། རང་འགུལ་གྱིས་དམངས་ཆེན་བྱ་བ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞི་འཛིན་སའི་སྟེང་བཞག་སྟེ་ལྟ་ཞིབ་བསམ་གཞིགས་དང་ཇུས་འགོད་སྐུལ་འདེད་གཏོང་བ་དང་། གསར་དུ་བཟོ་བཅོས་བྱས་པའི་ཁྲིམས་འཛུགས་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་དམངས་ཆེན་གྱི་བྱ་བ་སོ་སོ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་གྱི་རྗེས་སུ་འབྲངས་པར་འགན་སྲུང་བྱེད་པ་དང་། ཏང་གི་འདོད་བློ་དེ་ཁྲིམས་བཅད་གོ་རིམ་ལྟར་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་རུ་འགྱུར་བར་བྱེད་དགོས། གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ཞེས་པའི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ཀྱི་ངོ་བོའི་རང་བཞིན་དམ་པོར་བཟུང་སྟེ་སྣེ་ཁྲིད་ནས་མི་དམངས་ལ་ཞབས་འདེགས་བཟང་བོ་ཞུ་དགོས། རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོ་ནས་མི་དམངས་གོ་རིམ་ལྡན་པར་ཆབ་སྲིད་ཁྲོད་ཞུགས་ཚད་ཇེ་མང་དུ་བཏང་སྟེ་མི་དམངས་ཀྱི་འདོད་བློ་གང་ལེགས་ཀྱིས་མཚོན་པ་དང་མངོན་འགྱུར་བཟང་བོ་བྱེད་པར་འགན་སྲུང་བྱེད་པ་དང་། དམངས་ཆེན་བྱ་བས་མང་ཚོགས་དང་འབྲེལ་འདྲིས་བཟང་བོ་བྱེད་པ་དང་དམངས་ཀྱི་གནས་ཚུལ་རྟོགས་པ། དམངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པ། དམངས་ཚིས་ལ་ཕན་འདོགས་པར་སྐུལ་འདེད་གཏོང་དགོས། འཐབ་རྩོད་སྙིང་སྟོབས་ཇེ་དྲག་ཏུ་གཏོང་བ་དང་འཐབ་རྩོད་ནུས་པ་ཇེ་མཐོར་གཏོང་བའི་བླང་བྱ་གལ་ཆེན་ལ་དམ་པོར་དམིགས་ཏེ་སྣེ་ཁྲིད་ནས་རང་རྟོགས་ཀྱིས་ཁག་ཁུར་བཟང་བོ་བྱེད་དགོས། འདྲ་མཉམ་དྲང་གཞག་གི་ཁྲིམས་འཛུགས་རང་མདངས་སྲུང་འཛིན་བྱས་ཏེ་ཁྲིམས་འཛུགས་སྔར་ལས་སྤུས་ལེགས་དང་གནད་ཕིགས་གོ་ཆོད་ཡོང་བར་བྱེད་པ་དང་། ལྟ་སྐུལ་བྱེད་ཐབས་སྣ་མང་སྤྱད་དེ་གནད་དོན་ལ་དམིགས་ཏེ་འགྲོ་བ་དང་གནད་དོན་ལ་དམིགས་ཏེ་ཞིབ་བཤེར་བྱེད་པ། གནད་དོན་ལ་དམིགས་ཏེ་བཅོས་སྒྱུར་བྱེད་པ་བཅས་བྱས་ནས་དམངས་ཆེན་གྱི་ལྟ་སྐུལ་ཕན་ནུས་ཇེ་དྲག་ཏུ་གཏོང་དགོས། རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་འགན་འཁྲི་གལ་ཆེན་དམ་པོར་བཟུང་སྟེ་སྣེ་ཁྲིད་ནས་དཔེ་སྟོན་འགན་སྒྲུབ་བཟང་བོ་བྱེད་དགོས། དུས་རབས་གསར་པའི་དམངས་ཆེན་བྱ་བའི་ཆོས་ཉིད་ཁྱད་ཆོས་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་ལས་འགན་སོ་སོ་ལག་བསྟར་བཟང་བོ་བྱས་ཏེ་ཆབ་སྲིད་སྟེང་ཏང་ལ་བློ་དཀར་བ་དང་བསམ་བློའི་སྟེང་བློ་གཅིག་སེམས་གཅིག བྱ་བའི་སྟེང་རོགས་རེས་དམ་ཟབ་བྱེད་དགོས།
གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་རེ་ཞུ་བྱས་པའི་ཐེངས་འདིའི་གྲོས་ཚོགས་ཀྱི་འབྲེལ་ཡོད་མི་དོན་སྐོར་གྱི་གསལ་བཤད་ལ་ཉན།
བསྐོ་འཇོག་བྱ་རྩིས་ཡོད་པའི་འོས་མིའི་འཐུས་མིས་གཏམ་བཤད།
གྲོས་ཚོགས་སྟེང་ཚོང་གཉེར་ཁོར་ཡུག་ལེགས་བཅོས་སྲོལ་ཡིག་དང་མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་སྲོལ་ཡིག་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གཉིས་ལོའི་ཐོ་འགོད་ཞིབ་བཤེར་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ། རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ནགས་ཚལ་རྩྭ་ཐང་གི་མེ་གསོད་སྔོན་འགོག་སྲོལ་ཡིག་སྐོར་གྱི་གསལ་བཤད་བཅས་ལ་རིམ་པ་བཞིན་ཉན།
གྲོས་ཚོགས་སྟེང་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ནགས་ཚལ་རྩྭ་ཐང་གི་མེ་གསོད་སྔོན་འགོག་སྲོལ་ཡིག་སྐོར་གྱི་ཞིབ་བཤེར་སྙན་ཞུ་དཔར་འགྲེམ་བྱས།
ཧྲིན་ཀྲང་གཞོན་པ་ཝང་ཧེ་ཧུང་དང་། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགན་ཁུར་མི་སྣ་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།