རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱི་རྒྱལ་དུ་སྡོད་པའི་གཞུང་ཚབ་ཆེན་མོ་བསྐོ་འཐེན་བྱས།
2023.03.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 146

ཞིན་ཧྭ་གསར་འགྱུར་ཁང་གིས་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་སྤེལ་བ་ལྟར་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་ལྟར་དུ། གཤམ་གྱི་ཕྱི་རྒྱལ་དུ་སྡོད་པའི་གཞུང་ཚབ་ཆེན་མོ་རྣམས་བསྐོ་འཐེན་བྱས།

གཅིག ལིས་ཞའོ་ཟི་ཡི་ཨའོ་ཏི་ལི་སྤྱི་མཐུན་རྒྱལ་ཁབ་ཏུ་ཡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་ཆེན་མོའི་གོ་གནས་བླངས།

ཆི་མའེ(མོ།)ཨའོ་ཐི་ལི་སྤྱི་མཐུན་རྒྱལ་ཁབ་ཏུ་ཡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་ཆེན་མོར་བསྐོས།

གཉིས། ཡུས་ཧུང་གི(མོ།)ཝུན་ལའེ་ཏ་ལུའུ་ས་ལན་རྒྱལ་ཁབ་ཏུ་ཡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་ཆེན་མོའི་གོ་གནས་བླངས།

ཞའོ་ཅན་པང་ཝུན་ལའེ་ཏ་ལུའུ་ས་ལན་རྒྱལ་ཁབ་ཏུ་ཡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་ཆེན་མོར་བསྐོས།

གསུམ། ཨན་ཝ་ཨར་པ་ལིན་རྒྱལ་ཁབ་ཏུ་ཡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་ཆེན་མོའི་གོ་གནས་བླངས།

ཉིས་རུའུ་ཁྲི་པ་ལིན་རྒྱལ་ཁབ་ཏུ་ཡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོས།

བཞི། ཀྲུའུ་ཆིན་ཆའོ་ཡི་མའོ་ཞི་ཁོ་མཉམ་འབྲེལ་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་ཆེན་མོའི་གོ་གནས་བླངས།

ཀྲང་རོན་མའོ་ མའོ་ཞི་ཁོ་མཉམ་འབྲེལ་རྒྱལ་ཁབ་ཏུ་ཡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོར་བསྐོས།

ལྔ། ཝང་ཆོན་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཝི་ཨེན་ན་རུ་ཡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དོན་གཅོད་ཁང་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་འཐུས་ཚབ་དང་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེན་མོའི་གོ་གནས་བླངས།

ལིས་སུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཝི་ཨེན་ན་རུ་ཡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དོན་གཅོད་ཁང་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་འཐུས་ཚབ་དང་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོས།

བན་དེ་སྐྱབས་ཀྱིས་བསྒྱུར།