ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན། ཞིན་ཧྭ་གསར་འགྱུར་ཁང་གིས་དབང་ཆ་ཐོབ་པ་ལྟར་དུ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་སྟེང་དངོས་སུ་གྲོས་འཆམ་བྱུང་བའི། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ཞེས་པ་དང་། དེ་བཞིན་བཟོ་བཅོས་འཆར་ཟིན་དེ་གཞིར་བཟུང་ནས་བཟོ་བཅོས་བརྒྱབ་པའི། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག་ཅེས་པ་སྤེལ།
ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག་ཅེས་པར་ཁྱོན་བསྡོམས་ལེའུ་དྲུག་དང་དོན་ཚན་རེ་གསུམ་ཡོད་ལ། ཡིག་འབྲུ་ཧ་ལམ་ཁྲི་གཅིག་ལྷག་ཡོད།
ཞིན་ཧྭ་གསར་འགྱུར་ཁང་གིས་ཚེས་བཅོ་བརྒྱད་ཉིན་དུས་གཅིག་ཏུ་དབང་ཆ་ཐོབ་པ་ལྟར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག་བཟོ་བཅོས་བརྒྱབ་པའི་སྔ་རྗེས་ཀྱི་ནང་དོན་ཤན་སྦྱར་རེའུ་མིག་ཅེས་པའང་སྤེལ།
བན་དེ་སྐྱབས་ཀྱིས་བསྒྱུར།