ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ་དང་། ཚོགས་ཐོག་ནས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས། འབྲེལ་ཡོད་བྱ་བའི་སྙན་ཞུར་གྲོས་ཞིབ་དང་ཞིབ་ཉན་བྱས་པ་ལས་གཞན། སྔོན་ཐོན་ལ་གཟེངས་བསྟོད་བྱས།
གྲོས་ཚོགས་ལས་བསྟན་དོན། 2022ལོར། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ལ། ཞིང་བཟོ་ཏང་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་དྲུག་པའི་དགོངས་དོན་དང་ཞིང་བཟོ་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བདུན་པའི་དགོངས་དོན་དོན་འཁྱོལ་ཏན་ཏིག་བྱས་པར་མ་ཟད། ཀྲུང་གུང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས། ཆབ་སྲིད་ཀྱི་སྣེ་སྟོན་བྱེད་ཤུགས་ཆེ་རུ་བཏང་བ་དང་བསམ་བློའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་བ། ཐབས་འདོན་ཇུས་འབུལ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་ཕྱོགས་གཉིས་ཀར་ཤུགས་བསྣན་པ། ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་པ་གཉིས་རྒྱུན་འཁྱོངས་བྱས་ནས་གཞོགས་འདེགས་གང་ལེགས་བྱས་པ། ཆབ་སྲིད་རྩིས་སྤྲོད་རྩིས་ལེན་གཏིང་ཟབ་ཏུ་བཏང་བ་དང་རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་པ་བཅས་བྱས་པར་བརྟེན། ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། 2023ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་མགོ་བརྩམས་པའི་ལོ་ཡིན། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་ནས། བསམ་བློ་ཆབ་སྲིད་འཛུགས་སྐྲུན་བྱ་རྒྱུ་དེ་གོ་གནས་གཙོ་བོར་འཇོག་རྒྱུ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་ཁྱོན་ཡོངས་ནས་སློབ་སྦྱོང་བྱེད་པ། ཞིང་བཟོ་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བདུན་པའི་བཀོད་སྒྲིག་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་གཏན་འབེབས་བྱས་པའི་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ཏེ། “སློབ་སྦྱོང་དམ་འཛིན་བྱེད་པའི”ཁྲོད་མི་སེམས་དང་སྟོབས་ཤུགས་ཚང་མ་གཅིག་སྡུད་ཡོང་བར་བྱས་ནས། “བརྟག་དཔྱད་ཞིབ་འཇུག་ལ་དམ་འཛིན་བྱེད་པའི”ཁྲོད་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་འགན་ནུས་སྒྲུབ་པ། རང་ངོས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཆུ་ཚད་མཐོ་ལ་དང་བྱང་ཚད་བཟང་བོའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་འབད་པས་བསྐྲུན་པ་བཅས་བྱས་ནས། སྲོལ་རྒྱུན་བཟང་པོ་མུ་མཐུད་རྒྱུན་འཛིན་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པས་རྩོམ་དགོས།
བན་དེ་སྐྱབས་ཀྱིས་བསྒྱུར།