དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་དུ་བསྡུས།
2023.03.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་དུ་བསྡུས། གྲོས་ཚོགས་ནས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་དགུ་གསུམ་སློབ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་སྐབས་དགུ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གཉིས་ལོའི་བྱ་བའི་སྙན་ཞུ་ལ་ཉན་པ་དང་གྲོས་ཞིབ་བྱས།

གྲོས་ཚོགས་ནས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་དགུ་གསུམ་སློབ་ཚོགས་ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཡང་དག་པའི་མགོ་ཁྲིད་འོག་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་མཛུབ་སྟོན་དང་རོགས་རམ་འོག ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་བཅས་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་པ་དང་། ཡིག་ཆ་གསུམ་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་གང་ལེགས་བྱས་ཏེ། ཚོགས་མི་ཡོངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ནས་ཤུགས་ཆེན་པོས་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱས་པ་དང་། གསར་བ་བཞི་དང་བཟང་བ་གསུམ་གྱི་རེ་བ་ལྟར། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་གཅིག་སྡུད་བྱེད་པ་དང་། སྲིད་ཏང་ལ་ཞུགས་པའི་ཞིང་ཆེན་རིམ་པའི་རྩ་འཛུགས་འགན་ནུས་ལག་བསྟར་བཟང་བོ་བྱས།

གྲོས་ཚོགས་ནས་བསྟན་དོན། ཉིས་སྟོང་ཉེར་གསུམ་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་ཡིན་ལ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ལོ་གལ་ཆེན་ཞིག་ཀྱང་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སློབ་ཚོགས་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་དགོས། གཙོ་འགན་གཙོ་ལས་གཅིག་སྡུད་བྱེད་པ་དང་། དགུ་གསུམ་སློབ་ཚོགས་ཀྱི་ཁྱད་ཆོས་དང་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། འགན་འཁྲི་ལག་བསྟར་ཁ་ཕྱོགས་འཚོལ་ཞིབ་བྱེད་པ་དང་འགན་འཁྲི་ལག་བསྟར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། འགན་འཁྲི་ལག་བསྟར་ནུས་པ་མཐོར་འདེགས་སུ་གཏོང་དགོས་པར་མ་ཟད། དཀྱིལ་སྙིང་ལ་དམིགས་ཏེ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། སྤྱི་ཚོགས་ཞབས་ཞུ་ལ་སྐུལ་འདེད་བཏང་ནས་རྣམ་པ་གསར་བ་གསར་སྐྲུན་བྱེད་པ། རྩ་འཛུགས་འཛུགས་སྐྲུན་འགན་སྲུང་བྱས་ནས་འཕེལ་རྒྱས་གསར་བ་མངོན་འགྱུར་བྱེད་པ། ལས་ཁུངས་ཀྱི་བྱ་བའི་ཐད་ལ་རྣམ་པ་གསར་བ་རྒྱུན་མི་ཆད་པར་གསར་སྐྲུན་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་མཚོ་སྔོན་གྱི་ལེའུ་འབྲི་བར་དགུ་གསུམ་སློབ་ཚོགས་ཀྱིས་ནུས་པ་འདོན་དགོས།

                                                                                                 བཀྲ་ཤིས་འབུམ་གྱིས་བསྒྱུར།