ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གྲོང་ཁྱེར་གྱི་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས།
2023.03.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་འགན་ལེན་མཉམ་འབྲེལ་བྱེད་པའི་ཟི་ལིང་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་ནན་ཁྲོན་བཟོ་ལས་ཁུལ་དང་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་སོང་སྟེ་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དངོས་འབེབས་བཟང་བོ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་རེ་བ་ལྟར། ཤུགས་ཚད་ཆེན་པོས་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ་དང་། མཉམ་དར་མཉམ་སྤེལ་དང་སེམས་ཤུགས་གཅིག་སྒྲིལ་སྒོས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ལ་རྣམ་པ་གསར་པ་བསྐྲུན་དགོས།

ཝུའུ་ཞའོ་ཅུན་སྔ་གཞུག་ཏུ་མཚོ་སྔོན་ཧྥུའུ་ཏིས་གློག་གཡིས་དང་ཟི་ལིང་ཨ་ཐི་སི་ཉི་འོད་ཚན་རྩལ། མཚོ་སྔོན་ཅིན་ཁི་ནུས་ཁུངས། མཚོ་སྔོན་རྒྱལ་ཁབ་གློག་རྡུལ་ཚོང་དོན་དཔེ་སྟོན་རྟེན་གཞི། ཨ་ཆེན་གངས་རྒྱབ་ནས་འབྲུ་ཐོན་ལས་ས་ཁུལ། མཚོ་སྔོན་ལེ་རོང་ཁོར་སྲུང་ཚན་རྩལ་དང་ཀྲུང་གོ་ཧ་ཡང་ལས་རིགས་མཚོ་སྔོན་ཡན་ལག་ཀུང་ཟི་སོགས་ཁེ་ལས་སུ་སོང་སྟེ། ཁེ་ལས་ཀྱི་ལས་བཟོ་བ་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས་ཤིང་། ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་དང་ལས་གཞི་ལག་བསྟར། རྒྱུ་ཆ་འགན་སྲུང་། བདེ་འཇགས་ཐོན་སྐྱེད། ཁྱད་ལྡན་ཐོན་རྫས་གྲངས་ཅན་གསར་སྐྲུན་བྱེད་པ། དྲ་རྒྱའི་ཕྱིར་འཚོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། སྲིད་ཇུས་སྒྲོག་འགྲེལ་བྱས་པ། འཕེལ་རྒྱས་ཀྱི་དཀའ་གནད་མཐུན་སྦྱོར་སྒོས་ཐག་བཅད་པ། རྒྱ་ཆེའི་ཁེ་ལས་རྣམས་མཚོ་སྔོན་དུ་གཞི་ཆགས་པ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་འཕེལ་རྒྱས་སུ་གཏོང་དགོས་པའི་སྐུལ་མ་བཏང་།

དེའི་རྗེས་སུ་བསྡུས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། ཐེན་ཧི་འོད་ནུས་དང་མཚོ་སྔོན་ཀའོ་ཅིན་ཉི་འོད་ནུས་པའི་ཚན་རྩལ། མཚོ་སྔོན་ལེ་ཧའོ་གློག་འདྲེན་ཕྱེད་གཟུགས་རྒྱུ་ཆ། ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་མ་རྐང་ཚད་ཡོད་ཀུང་ཟིའི་ནུབ་བྱང་ཕྱིར་འཚོང་མཚོ་བོད་ཡན་ལག་ཀུང་ཟི། ཧྲིན་ཡོན་ས་གདན་སོགས་ཁེ་ལས་བཅུ་གཉིས་ཀྱིས་གཏམ་བཤད་པ་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དང་ཟི་ལིང་གྲོང་ཁྱེར་སྲིད་གཞུང་། རྟ་ཐང་རྫོང་སྲིད་གཞུང་། ནན་ཁྲོན་བཟོ་ལས་ས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་བྱ་བ་བསྒྲུབས་པའི་གནས་ཚུལ་ཡར་ཞུ་བྱས། ཝུའུ་ཞའོ་ཅུན་གྱིས་ཚང་མའི་གཏམ་བཤད་ལ་ནན་ཏན་སྒོས་ཉན་རྗེས་ཁེ་ལས་ཀྱིས་བཏོན་པའི་གྲོས་གཞི་དང་རེ་བར་རིམ་པ་བཞིན་ལན་བཏབ་པ་དང་ཡུལ་དངོས་ནས་བྱ་བསྒྲུབས་པ་དང་མཐུན་སྦྱོར་ཐག་གཅོད་བྱས། ཁོས་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མ་དང་རྒྱ་ཆེའི་ཁེ་ལས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཁེ་ལས་ལ་རོགས་སྐྱོར་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ཏན་ཏིག་སྒོས་སྤེལ་ཞིང་སྤོབས་པ་ཆེར་བསྐྱེད་དང་སྔོན་ཐོན་བརྩོན་པའི་སྣང་ཚུལ་བཟང་བོ་བསྐྲུན་པ་དང་། ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་བྱེད་ཐབས་སྔར་ལས་འཐུས་ཚང་དུ་བཏང་ལ། མཉམ་དུ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་སྔར་ལས་མངོན་གསལ་ཡིན་པས། རྒྱ་ཆེའི་ཁེ་ལས་ཀྱིས་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་གོ་སྐབས་དམ་འཛིན་བྱེད་པ། བབ་བསྟུན་མདུན་སྐྱོད་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་སྐབས་བྱས་རྗེས་གསར་བ་འཇོག་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། རྒྱ་ཆེའི་ཁེ་ལས་ནི་དུས་དང་རྣམ་པ་ཀུན་ཏུ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་ཤུགས་དམག་དཔུང་ཡིན་པས། རྒྱུན་མཐུད་སྒོས་ཞབས་ཞུ་ལེགས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ་དང་། གཡོ་འགུལ་མེད་པ་གཉིས་དང་འགྱུར་མེད་པ་གསུམ་རྒྱུན་འཁྱོངས་བྱས་ཏེ། ཁེ་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་འགྲོ་བའི་ཐད་ལ་ཤུགས་བསྐྱེད་པ་དང་། ཁེ་ལས་ལ་རོགས་སྐྱོར་དང་དྲོད་ཁོལ་སྐྱེལ་བའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་ཐད་ལ་ཤུགས་བསྐྱེད་པ། འགན་འཁྲི་ཁག་ཁུར་དང་སྤྱོད་ཚུལ་ལེགས་སྒྱུར་བྱེད་པའི་ཐད་ལ་ཤུགས་བསྐྱེད་དེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཁེ་ལས་མྱུར་དུ་འཕེལ་རྒྱས་སུ་འགྲོ་བར་མཛུབ་སྟོན་དང་རྒྱབ་སྐྱོར་བྱེད་དགོས། རྒྱུན་མཐུད་སྒོས་དཀའ་ཁག་ཐག་གཅོད་བྱ་བ་བཟང་བོར་སྒྲུབ་པར་སྐུལ་འདེད་བཏང་སྟེ། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་དང་ཁེ་ལས་ལ་རོགས་སྐྱོར་དང་དྲོད་ཁོལ་སྐྱེལ་བའི་འབྲེལ་གཏུག་པས་འཐབ་ཕྱོགས་དང་པོའི་བྱ་བའི་སྒྲུབ་སྟངས་ལག་བསྟར་བྱེད་པ་དང་། འཐབ་ཕྱོགས་དང་པོར་སོང་ནས་ཁེ་ལས་ཀྱི་རེ་བར་རྒྱུས་ལོན་བྱེད་པ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྒྱུ་རྐྱེན་འགན་སྲུང་དང་དངུལ་བསྡུ་དང་དངུལ་བསྐྱི། ཁེ་ལས་ཀྱིས་ལས་བཟོ་བ་བཀོལ་སྤྱོད་བྱེད་པ། ནུས་ཁུངས་འགན་སྲུང་སོགས་ཕྱོགས་ཀྱི་གནད་དོན་མཐུན་སྦྱོར་སྒོས་ཐག་བཅད་ནས། ཁེ་ལས་ཀྱི་དཀའ་གནད་ཐག་གཅོད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྣང་ཚུལ་བཟང་བོ་གསར་སྐྲུན་བྱེད་དགོས། རྒྱུན་མཐུད་སྒོས་ཁེ་ལས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་ཁེ་ལས་ཀྱིས་ཧུར་ཐག་སྒོས་འཕེལ་རྒྱས་ཀྱི་རྣམ་པ་ལེགས་སྒྱུར་བྱེད་པ་དང་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱེད་པ། འཕར་སྣོན་སྒུལ་ཤུགས་ཇེ་ཆེར་གཏོང་དགོས་པར་མ་ཟད། ཚན་རྩལ་གསར་སྐྲུན་ལ་ཤུགས་སྣོན་ཞིང་ཐོན་ཁུངས་ཕྱོགས་བསྡུས་བཀོལ་སྤྱོད་ནུས་པ་ཇེ་ཆེར་གཏོང་བ་དང་། གཙོ་ལས་བརྟན་སྲུང་དང་ཁེ་ལས་སྟོབས་ལྡན་དུ་གཏོང་བ། ཐོན་ལས་ཕྲེང་འབྲེལ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་མཁོ་འདོན་ཕྲེང་འབྲེལ་གསར་སྐྲུན་བྱེད་པ། རིན་ཐང་ཕྲེང་འབྲེལ་མཐོར་འདེགས་སུ་བཏང་ནས། རང་འགུལ་སྒོས་སྤུས་ཚད་མཐོ་བའི་ལམ་དུ་སྐྱོད་དགོས། ཁེ་ལས་ཀྱི་དོ་དམ་ལ་ཤུགས་བསྣན་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་འགག་སྒོ་དང་ཁོར་སྲུང་འགག་སྒོ་བརྟན་སྲུང་བྱེད་པ་དང་། ཐོན་སྐྱེད་ཕན་འབྲས་མཐོར་འདེགས་སུ་གཏོང་དགོས།

ལིའུ་ཁྲའོ་རྟོག་ཞིབ་ལ་ཞུགས།

                                                                                                   བཀྲ་ཤིས་འབུམ་གྱིས་བསྒྱུར།