ཐེན་ཁུའེ་ཡིས་ཞིན་ཧེ་རྫོང་གི་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ཐད་རྟོག་ཞིབ་བྱས།
2023.03.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་གསུམ་པའི་ཚེས་གསུམ་ཉིན་ནས་ཚེས་བཅུ་བཞི་ཉིན་བར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐེན་ཁུའེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དུ་སོང་ནས་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ཐད་རྟོག་ཞིབ་བྱས།

ཐེན་ཁུའེ་སོགས་ཞིན་ཧེ་རྫོང་ཆུ་འགག་བཞུར་རྒྱུད་ཀྱི་ཆུ་ལོག་གིས་བརླགས་པའི་ཉམས་གསོ་བཟོ་སྐྲུན་དང་ཆུ་སྔོན་གྲོང་རྡལ་མོ་རྡོ་སྡེ་བའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་། ཞིན་ཧེ་རྫོང་ཞིན་ཡོན་འཕྲུལ་སྒུལ་རླངས་འཁོར་ཞབས་ཞུ་ཚད་ཡོད་ཀུང་ཟི། མཚོ་སྔོན་ཅིན་ཏུའུ་ཉོ་ཚོང་ཚད་ཡོད་ཀུང་ཟི་སོགས་ཁེ་ལས་སུ་སོང་ནས། ལས་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་བྱ་བའི་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་ཁེ་ལས་ཀྱི་བསམ་འཆར་ལ་ཉན། ཐེན་ཁུའེ་ཡིས་བསྟན་དོན། ཞིང་ཆེན་ཆུ་བེད་ཐིན་དང་མཚོ་ལྷོ་ཁུལ་དང་ཞིན་ཧེ་རྫོང་བཅས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱ་ལག་བསྟར་ནན་མོ་བྱས་པ་དང་། ཆབ་སྲིད་སྟེང་ལངས་གནས་ཡོད་པ་དང་འགུལ་སྐྱོད་སྟེང་ཤུགས་ཡོད་པ། བྱ་བའི་སྟེང་གྲུབ་འབྲས་ལེན་ཐུབ་པར་བྱས་ནས། ཁེ་ལས་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་གོ་རིམ་ལྡན་པའི་ངང་སྤེལ།

ཐེན་ཁུའེ་ཡིས་ནན་གྱིས་བསྟན་དོན། ཁེ་ལས་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མིག་སྔར་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཇུས་ཆོད་བཀོད་སྒྲིག་དམ་འཛིན་བྱེད་པའི་འགུལ་སྐྱོད་གལ་ཆེན་ཡིན་པས། སེམས་པ་གཅིག་ཏུ་ཕྱོགས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྣེ་ཁྲིད་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ནས། སེམས་ཤུགས་གཅིག་བསྒྲིལ་གྱིས་ཁེ་ལས་འཕེལ་རྒྱས་ཐད་རྒྱབ་སྐྱོར་བྱེད་པ་དང་ཞབས་འདེགས་ཞུ་དགོས། སྟོབས་ཤུགས་ཕྱོགས་གཅིག་ལ་འདོན་པ་དང་། ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་འབྲེལ་འདྲིས་བྱེད་པ་དང་འགོ་ཁྲིད་སྡེ་ཁག་གིས་སྤྱི་ཡོངས་དམ་འཛིན་བྱེད་པ། ས་གནས་སྲིད་གཞུང་གིས་ཁོངས་གཏོགས་ས་ཆར་དོ་དམ་བྱེད་པ། ཁེ་ལས་དང་ཚོང་རའི་གཙོ་གཞིའི་ཕྱོགས་སོ་སོའི་འགན་འཁྲི་དམ་འཛིན་བྱེད་པ། བྱ་བ་སྣ་ཚོགས་བཟང་བོ་བསྒྲུབ་པར་གཅིག་འདོམས་བྱས་ཏེ། མཉམ་དུ་ཁེ་ལས་ཀྱི་མདུན་དུ་ལྷགས་པའི་འབུར་ཐོན་དཀའ་གནད་ཐག་གཅོད་དགོས། དོན་བཟང་ནན་མོར་བསྒྲུབ་པ་དང་། ཁེ་ལས་ཀྱི་མདུན་དུ་ལྷགས་པའི་འབུར་ཐོན་གནད་དོན་འཚོལ་བ་དང་དམ་འཛིན་བྱེད་པ། མྱུར་དུ་ཐག་གཅོད་ཐུབ་པའི་གནད་དོན་དེ་མ་ཐག་ཐག་གཅོད་པ། གནས་སྐབས་སུ་ཐག་གཅོད་མི་ཐུབ་པའི་གནད་དོན་ཞིང་ཆེན་རིམ་པའི་སྟེགས་བུ་རུ་ཡར་ཞུ་བྱས་ནས་ཐག་གཅོད་པ། བྱ་བ་རེ་རེ་བཟང་བོར་བསྒྲུབ་པ་དང་རེ་རེར་ལན་བཏབ་ནས། ཡིད་ཚིམ་པའི་རྒྱུགས་ལན་སྤྲོད་དགོས།

                                                                                                       རིན་ཆེན་མཚོས་བསྒྱུར།