ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཕུའུ་ཅིང་གིས་གདན་དྲངས་པ་ལྟར་དུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ཏེ་པེ་ཅིང་ནས་ཞལ་གྱེས་ཏེ། ཨུ་རུ་སིར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས།
ཞི་ཅིན་ཕིང་གི་རྒྱལ་དོན་འཚམས་འདྲི་གནང་རོགས་སུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་དབྱི། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཆིན་ཀང་སོགས་ཡོད།
ས་དེའི་དུས་ཚོད་ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཨུ་རུ་སིའི་རྒྱལ་ས་མོ་སི་ཁི་རུ་འབྱོར་ནས་ཨུ་རུ་སིར་རྒྱལ་དོན་འཚམས་འདྲི་གནང་མགོ་བརྩམས།
ཨུ་རུ་སི་ཕྱོགས་ཀྱིས་གནམ་ཐང་དུ་དགའ་བསུའི་མཛད་སྒོ་གཟབ་རྒྱས་བསྡུས།
བན་དེ་སྐྱབས་ཀྱིས་བསྒྱུར།