ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཏང་འཛུགས་བྱ་བའི་ལས་འགན་གཙོ་བོའི་སྐུལ་སྤེལ་ཚོགས་འདུ་བསྡུས།
2023.03.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཏང་འཛུགས་བྱ་བའི་ལས་འགན་གཙོ་བོའི་སྐུལ་སྤེལ་ཚོགས་འདུ་བསྡུས་ཏེ། རྒྱལ་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་དང་གཞི་རིམ་ཏང་འཛུགས་བྱ་བའི་ལས་འགན་གཙོ་བོའི་སྐུལ་སྤེལ་ཚོགས་འདུ་དང་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས་ཤིང་། གཞི་རིམ་ཏང་འཛུགས་བྱ་བའི་ཉམས་མྱོང་སྤྱི་བསྡོམས་དང་བརྗེ་རེས་བྱས་པ་དང་། གཞི་རིམ་ཏང་འཛུགས་ཀྱི་དཀའ་གནད་སེལ་བར་ཞིབ་འཇུག་བྱས་པར་མ་ཟད་ད་ལོའི་གཞི་རིམ་ཏང་འཛུགས་བྱ་བའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས།

གྲོས་ཚོགས་ནས་བསྟན་དོན། ཆབ་སྲིད་འཛུགས་སྐྲུན་འབུར་དུ་ཐོན་པར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་སྒོས་བླ་སྲོག་གཏོད་དགོས། འཐབ་འཛིང་མཁར་རྫོང་འཛུགས་སྐྲུན་བཟང་བོ་བྱས་ཏེ། ཏང་འཛུགས་དམ་འཛིན་བྱས་ནས་གྲོང་གསེབ་དར་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས། གཅིག་གྱུར་སྒོས་འཆར་འགོད་བྱེད་པར་ཤུགས་བསྣན་ཏེ། སྟོབས་ཤུགས་གཅིག་བསྡུས་སྒོས་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་གྱི་བཟོ་སྐྲུན་ལག་བསྟར་བྱེད་དགོས། སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་ཕན་ནུས་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས། ཕྱོགས་བསྡུས་ཇུས་བསྟར་རྒྱུན་འཁྱོངས་བྱས་ཏེ། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་འཕེལ་རྒྱས་དཀའ་གནད་ནུས་ལྡན་སྒོས་སེལ་དགོས། ཆབ་སྲིད་ཀྱི་ངོ་བོ་ཇེ་དྲག་ཏུ་བཏང་སྟེ། ལས་ཁུངས་ཀྱི་ཏང་འཛུགས་བྱ་བའི་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས། ཏང་གི་མགོ་ཁྲིད་འབུར་དུ་ཐོན་པར་བྱས་ཏེ། རྒྱལ་དབང་ཁེ་ལས་ཀྱི་ཏང་འཛུགས་དང་བཅོས་སྐྱོང་མཉམ་བསྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་དགོས། རིགས་བགར་མཛུབ་སྟོན་ལ་ཡིད་འཇོག་བྱས་ཏེ། ལས་དོན་ལས་ཁུངས་ཀྱི་ཏང་འཛུགས་གསར་སྐྲུན་དོ་དམ་གཏིང་ཟབ་ཏུ་སྤེལ་དགོས། གནད་འཁེལ་དངོས་གཉེར་གཅིག་སྡུད་བྱས་ཏེ། རྒྱུན་མཐུད་སྒོས་ཏང་ཡོན་གྱི་སློབ་གསོ་དོ་དམ་གྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་འཕར་སྣོན་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

གྲོས་ཚོགས་ནས་དཀྱིལ་སྙིང་ལ་དམིགས་ཏེ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། གནད་དོན་ཁྲིད་ཕྱོགས་བརྟན་པོར་ཆགས་པར་བྱེད་དགོས་ལ། བསམ་ཕྱོགས་ཀྱི་བྱེད་ཐབས་དང་ནང་དོན་གསར་སྐྲུན་བྱེད་པ་དང་། གཞི་རིམ་ཏང་འཛུགས་བྱ་བ་བཟང་བོར་བསྒྲུབ་ནས་རྒྱུན་མཐུད་སྒོས་དཀའ་གནད་སེལ་བའི་ཁྲོད་དུ་འཕེལ་རྒྱས་གསར་སྐྲུན་བྱེད་པ། ཞིབ་བཤེར་ཞིབ་འཇུག་དང་ཞིབ་འཇུག་ལྟ་སྐུལ་མཛུབ་སྟོན། གྲུབ་འབྲས་ལ་དཔྱད་འཇོག་བྱེད་པ། དམིགས་འབེན་ལ་དཔྱད་ཞིབ་བྱེད་པ། འགན་སྒྲུབ་དཔྱད་གླེང་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་སྒོས་བཀོལ་སྤྱོད་བྱེད་པར་མ་ཟད། གཞི་རིམ་ཏང་འཛུགས་ཀྱི་གཙོ་གཞིའི་འགན་འཁྲི་དང་ལེན་བྱས་ནས། ལས་འགན་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

                                                                                      བཀྲ་ཤིས་འབུམ་གྱིས་བསྒྱུར།