ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཁུ་ནུའི་འཇོན་མིའི་མཐོ་རིམ་གསར་སྐྲུན་ལས་སྤེལ་འཇོན་མིའི་གདམ་ཐོན་མཁན་གྱི་སྐབས་དང་པོའི་རྒྱལ་ཁབ་དང་ཞིང་ཆེན་གནས་ཚུལ་གྱི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་པའི་སློབ་གླིང་དུ་ཚོགས་མགོ་བརྩམས་པ་དང་། ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གསོ་དང་ཚྭ་མཚོའི་ཐོན་ཁུངས། མཐོ་སྒང་གསོ་རིག ཁྱད་ལྡན་སྐྱེ་དངོས་སོགས་ཁྱབ་ཁོངས་ནས་ཡོང་བའི་འཇོན་མི་ང་དགུ་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭར་ཞུགས།
ཐེངས་འདིའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་བསྒྲུབས་པའི་དམིགས་ཡུལ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འཇོན་མིའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། རྒྱལ་གཅེས་འཐབ་འཐབ་སྙིང་སྟོབས་དང་ཚན་རིག་མཁན་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་། ཆེད་མཁས་པ་དང་འཇོན་མི་ལ་སྐུལ་ལྕག་བཏང་ནས་ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཤིང་། རྒྱལ་གཅེས་ལས་དོན་ཐད་ལ་བྱས་རྗེས་འཇོག་པ་དང་སྤོབས་པ་ཆེན་པོས་གསར་སྐྲུན་གསར་གཏོད་བྱེད་པ། མདེལ་གཉིས་སྐར་གཅིག་སྙིང་སྟོབས་ཀྱི་དུས་རབས་རྒྱུན་འཛིན་མཁན་བཟང་བོ་ཞིག་བྱེད་རྒྱུ་དེ་རེད།
མེས་རྒྱལ་ལ་དགའ་ཞིང་སྒེར་སེམས་མེད་པར་བྱས་རྗེས་འཇོག་པ་དང་། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་འཐབ། ཤུགས་ཆེན་པོས་རོགས་ལས་བྱེད་པ། སྤོབས་པ་ཆེན་པོས་རྩེར་སྙེག་པའི་མདེལ་གཉིས་སྐར་གཅིག་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་གྲུབ་ཆབ་གལ་ཆེན་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རིན་ཐང་བྲལ་བའི་རྒྱུ་ནོར་རྩ་ཆེན་ཞིག་ཀྱང་ཡིན། དུས་ཡུན་ཉིན་ལྔའི་ནང་། ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭས་ཆེད་དོན་འཆད་ཁྲིད་དང་བརྗོད་དོན་སྙན་ཞུ། ཡུལ་དངོས་སློབ་ཁྲིད། བརྗེ་རེས་བགྲོ་གླེང་སོགས་ཀྱི་རྣམ་པ་བརྒྱུད་དེ། ཆེད་མཁས་པ་དང་འཇོན་མི་རྣམས་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིགས་གཞུང་མ་ལག་དང་ཏང་གི་སྲོལ་རྒྱུན་བཟང་བོ་དང་མདེལ་གཉིས་སྐར་གཅིག་སྙིང་སྟོབས་ལ་ངོས་འཛིན་ཟབ་མོ་བྱེད་དུ་འཇུག་པ་དང་། ལྟ་བ་དང་ཉན་པ། བྱ་སྤྱོད་བཅས་ཀྱི་ཁྲོད་དུ་བསམ་བློའི་ངོ་བོ་གསལ་བོར་རྟོགས་པར་བྱས་ནས། སྲིད་ཇུས་ཀྱི་རིགས་གཞུང་ཆུ་ཚད་དང་གསར་སྐྲུན་ལས་སྤེལ་ནུས་པ་རྒྱུན་མི་ཆད་པར་མཐོར་འདེགས་སུ་གཏོང་བ་དང་། སློབ་སྦྱོང་བྱས་པའི་འབྲས་བུ་དེ་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་དངོས་སུ་བསྒྱུར་བྱས་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་རིག་སྟོབས་དང་སྟོབས་ཤུགས་འདོན་དགོས།
བཀྲ་ཤིས་འབུམ་གྱིས་བསྒྱུར།