ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་ཞིང་ཆེན་རིམ་པའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་ཚོགས་མགོ་བརྩམས།
2023.03.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཞིང་ཆེན་ཡོངས་ཀྱི་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་ཞིང་ཆེན་རིམ་པའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་དང་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཧྲུའུ་ཅིའི་ཞིང་ཆེན་རིམ་པའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་ཚེས་ཉི་ཤུ་ཉིན་སོ་སོར་ཞིང་ཆེན་ཏང་ཨུའི་སློབ་གྲྭ་དང་ཞིང་ཆེན་ཞིང་སྡེའི་ལས་བྱེད་པའི་སློབ་གླིང་ནས་དུས་མཉམ་དུ་ཚོགས་མགོ་བརྩམས། ཞིང་ཆེན་ཡོངས་ཀྱི་ཐད་གཏོགས་ལས་ཁུངས་ནས་ཡོང་བའི་ཏང་ཀྲུའུ་པུའུ་ཧྲུའུ་ཅི་དྲུག་ཅུ་དང་གྲོང་ཁྱེར་རམ་ཁུལ་བརྒྱད་ནས་ཡོང་བའི་ཞིང་སྡེའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་བརྒྱ་ཚོགས་ཡུན་ཉིན་ལྔའི་གསོ་སྦྱོང་ལ་ཞུགས་རྒྱུ་རེད།

ཐེངས་འདིའི་གསོ་སྦྱོང་གི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཤུགས་ཆེན་པོས་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་དཔུང་སྡེའི་ནུས་པའི་བྱང་ཚད་མཐོར་འདེགས་བྱེད་ཆེད་རེད། གསོ་སྦྱོང་འཛིན་གྲྭ་དེ་ཆེད་དོན་ཟུར་ཁྲིད་དང་ཡུལ་དངོས་སློབ་ཁྲིད། བརྙན་རིས་སློབ་ཁྲིད། སྣང་ཡུལ་སློབ་ཁྲིད་སོགས་ཀྱི་ཐབས་ལ་བརྟེན་ནས་སྤེལ་བ་དང་། གསོ་སྦྱོང་གི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་འབུར་དུ་ཐོན་པར་བྱས་ཡོད། གསོ་སྦྱོང་ནང་དོན་ཐད་ནས་གཙོ་བོ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་འབུར་དུ་ཐོན་པར་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་དང་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱི་ཟུར་ཁྲིད་སོགས་ཆེད་དོན་སློབ་ཁྲིད་བཀོད་སྒྲིག་བྱས་ཡོད་ལ། ཞོར་དུ་ཁྱབ་ཁོངས་མི་འདྲ་བའི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་ལས་འགན་ལག་བསྟར་གྱི་དགོས་མཁོར་དམིགས་ཏེ། ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅིར་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཞི་རིམ་རྩ་འཛུགས་ཀྱི་བྱ་བའི་སྲོལ་ཡིག་དང་། ཆབ་སྲིད་སྒྲིག་ལམ། ཆབ་སྲིད་སྒྲིག་སྲོལ། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་ཀྱི་མ་ལག་འཛུགས་སྐྲུན། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་སོགས་འབྲེལ་ཡོད་ཀྱི་ནང་དོན་བཀོད་སྒྲིག་བྱས་ཡོད་ལ། ཞིང་སྡེའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིར་ཀྲུང་དབྱང་གི་ཡིག་ཆ་དང་པོའི་དགོངས་དོན་གྱི་འགྲེལ་བརྗོད་དང་། གྲོང་གསེབ་ཀྱི་བཅོས་སྐྱོང་བྱ་བ་སྤེལ་བ། གྲོང་གསེབ་ཀྱི་དར་རྒྱས་ལ་སྐུལ་འདེད་གཏོང་བ། ཏང་གི་ལས་དོན་བྱ་བ་བཟང་བོར་བསྒྲུབས་པ་སོགས་ཆེད་དོན་ནང་དོན་བཀོད་སྒྲིག་བྱས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ས་ཁོངས་དགར་ནས་ཞིང་སྡེ་དང་གྲོང་ཁྱེར་སྡོད་ཁུལ། ལས་ཁུངས། གཞུང་བཙུགས་སྨན་ཁང་། སློབ་གྲྭ། རྒྱལ་དབང་ཁེ་ལས། གསར་གཉིས་རྩ་འཛུགས་སོགས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཏང་ཡོན་གྱི་ཞིང་ཆེན་རིམ་པའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་སྐབས་ཐེངས་ཉེར་ལྔ་སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་རིམ་པ་དགར་བའི་གསོ་སྦྱོང་ལ་སྐུལ་ཁྲིད་བྱེད་པ་དང་། ཏང་ཡོན་གྱི་རེས་མོས་གསོ་སྦྱོང་ལས་འགན་ཡོངས་འགྲུབ་བྱས་ནས། ད་ལོར་ཏང་ཡོན་ལ་ཡོངས་ཁྱབ་ཏུ་གསོ་སྦྱོང་ཐེངས་རེ་བྱེད་པར་འགན་སྲུང་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།