ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་མཚོ་ནུབ་ཁུལ་དུ་སོང་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་དང་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་སྒྲོག་འགྲེལ་དང་ས་གནས་དམངས་ཆེན་བྱ་བར་རྟོག་ཞིབ་བྱས།
ཝང་ལིས་མེན་གྱིས་མཚོ་ནུབ་ཁུལ་གྱི་དམངས་ཆེན་བྱ་བའི་སྙན་ཞུ་ལ་ཉན་པ་དང་རིམ་པ་སོ་སོའི་དམངས་ཆེན་འཐུས་མི་དང་བསམ་ཚུལ་བརྗེ་རེས་བྱས། ཁོས་བསྟན་དོན། མཚོ་ནུབ་ཁུལ་གྱི་རིམ་པ་སོ་སོའི་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཨུའི་སྟོབས་ལྡན་གྱི་འགོ་ཁྲིད་འོག ཁྲིམས་ལྟར་འགན་སྒྲུབ་བྱེད་པ་དང་འགན་ནུས་འདོན་སྤེལ་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་དགོས།
ཝང་ལིས་མེན་གྱིས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འདེམས་ཤོག་ཁ་ཚང་ཐོབ་ནས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་དང་། དེས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ཀྱི་ཐུན་མོང་གི་རེ་འདུན་དང་སེམས་འདུན་མཚོན་ཡོད། ང་ཚོས་གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་སྲུང་སྐྱོང་གཉིས་སྒྲུབ་དགོས་ལ། རིམ་པ་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་དམངས་ཆེན་འཐུས་མིས་འགོ་ཁྲིད་ནས་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག དོན་འཁྱོལ་བཅས་བྱས་ནས་དཔེ་སྟོན་གྱི་ནུས་པ་འདོན་དགོས།
ཝང་ལིས་མེན་གྱིས་ནན་གྱིས་བསྟན་དོན། ཏང་གི་དམངས་ཆེན་བྱ་བའི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་འགོ་ཁྲིད་འོག་དམངས་ཆེན་བྱ་བར་ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བར་ཁག་ཐེག་བྱེད་དགོས། དམངས་ཆེན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཞི་འཛིན་ས་དང་སྣེ་འཛིན་ས། ཤུགས་འདོན་ས་བཅས་ཡང་དག་པར་བཙལ་ནས་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་ལ་རོགས་འདེགས་བྱེད་དགོས། འཐུས་མིའི་བྱེད་ནུས་འདོན་སྤེལ་བྱས་ནས་མི་དམངས་མང་ཚོགས་ཀྱི་དཀའ་གནད་ཐག་གཅོད་དགོས་ལ། ལས་ཁུངས་བཞིའི་ངེས་གནས་བླང་བྱ་དམ་འཛིན་ནན་མོ་བྱེད་པ་དང་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པ། བརྟག་དཔྱད་དང་ཞིབ་འཇུག་གི་སྲོལ་བཟང་དར་སྤེལ་གཏོང་བ། བསམ་བློ་རྒྱ་བསྐྱེད་པ་དང་གནད་དོན་ཐག་གཅོད་པ། བྱ་བར་སྐུལ་འདེད་བཏང་ནས་དུས་རབས་གསར་པའི་དམངས་ཆེན་བྱ་བའི་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
མི་ཕམ་མགོན་པོས་བསྒྱུར།