ལིས་ཞི་ཡིས་ཧུའུ་པེ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད།
2023.03.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 59

ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་ཧུའུ་པེ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། 

ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་ཧུའུ་པེ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། 

ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་ཧུའུ་པེ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། ཏང་ལ་མཐའ་གཅིག་ཏུ་བློ་དཀར་བའི་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་དགོས་པར་མ་ཟད། འགན་འཁྲིའི་བསམ་པ་དང་ལས་འགན་བསམ་པ་དྲག་པོ་བཅངས་ཏེ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དངོས་འབེབས་བྱེད་རྒྱུ་དམ་འཛིན་བྱེད་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མགོ་བཟང་བོ་ཞིག་རྩོམ་པར་ནུས་ལྡན་འགན་སྲུང་འདོན་སྤྲོད་བྱེད་དགོས།

ལིས་ཞི་ཝུའུ་ཧན་གྲོང་ཁྱེར་གྱི་ཏང་གི་ཚོགས་ཆེན་ལྔ་པའི་ཚོགས་གནས་དྲན་གསོ་ཁང་དང་བརྒྱད་བདུན་གྲོས་ཚོགས་ཀྱི་ཚོགས་གནས་དྲན་གསོ་ཁང་། ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་འཛུགས་སྐྲུན་ལོ་རྒྱུས་བཤམས་སྟོན་ཁང་བཅས་སུ་ཕེབས་ཏེ། གསར་བརྗེ་སྔོན་རབས་པའི་བླ་མེད་ཀུན་སྤྱོད་ལ་རྗེས་དྲན་ཞུས་པ་དང་། ཏང་གི་སྒྲིག་ལམ་འཛུགས་སྐྲུན་གྱི་འོད་སྟོང་འབར་བའི་ལོ་རྒྱུས་བརྒྱུད་རིམ་ལ་ཕྱིར་དྲན་བྱས། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ལྔ་པས་ཐེངས་དང་པོར་ཀྲུང་དབྱང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། དེའི་དམིགས་ཡུལ་ནི་ཏང་གི་གཅིག་གྱུར་དང་དབང་ཟིལ་སྲ་བརྟན་དུ་གཏོང་རྒྱུ་དེ་ཡིན་ལ། ཏང་ལ་མཐའ་གཅིག་ཏུ་བློ་དཀར་བ་ནི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་གཞི་རྒྱུ་ཁྲག་རྒྱུན་དང་འདྲེས་པར་བྱས་ཡོད། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ་མུ་མཐུད་ནས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཁྱོངས་བྱེད་པ་དང་། སྲུང་སྐྱོང་གཉིས་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་དགོས་ལ། ཏང་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་པར་སྐུལ་འདེད་བཏང་ནས། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས།

ཝུའུ་ཧན་གྲོང་ཁྱེར་གྱི་ཏུང་ཧུའུ་མཁར་གསར་སྡེ་ཁུལ་དང་ཨུ་ཀྲིག་གྲོང་ཁྱེར་གྱི་ཨུ་མཁར་ཁུལ་ཏུང་ཧྲན་སྡེ་བ་རུ་ལིས་ཞི་ཡིས་གཞི་རིམ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བསམ་འཆར་དང་གྲོས་གཞི་ལ་ཉན། ཁོང་གིས་བསྟན་དོན། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་དགོངས་པ་ལག་བསྟར་བྱས་ཏེ། ཏང་ཀྲུང་དབྱང་གི་དམངས་ཕན་དམངས་ཕྱུག་སྲིད་ཇུས་དང་བྱེད་ཐབས་དངོས་འབེབས་འགན་སྲུང་བྱེད་པར་ལྟ་སྐུལ་བྱེད་པ་དང་། གྲོང་གསེབ་དར་སྤེལ་ཁྱབ་ཁོངས་ཀྱི་སྤྱོད་ངན་དང་རུལ་སུངས་གནད་དོན་ལ་དག་ཐེར་དང་བཅོས་སྐྱོང་ནན་མོ་བྱེད་དགོས། ཝུའུ་ཁྲང་གྲུ་གཟིངས་ལྕི་བའི་བཟོ་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་ཀྲུང་གོ་འབྲི་ཆུ་འགག་གསུམ་སྡེ་ཚོགས་ཚད་ཡོད་ཀུང་ཟི་རུ་ལིས་ཞི་ཡིས་བསྟན་དོན། རྒྱལ་དབང་ཁེ་ལས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་པ་དང་རྒྱལ་དབང་ཁེ་ལས་ཀྱིས་སྔར་ལས་བཟང་བའི་སྒོ་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་དགོས་ཟེར། ལིས་ཞི་ད་དུང་ཝུའུ་ཧན་སློབ་ཆེན་དུ་ཕེབས་ཏེ་མཐོ་རིམ་སློབ་གྲྭའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་མཛད་དེ། ཏང་ཨུ་ཡིས་ཏང་ལ་དོ་དམ་དང་སློབ་གྲྭ་བཅོས་སྐྱོང་བྱེད་པའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་སྐོར་ཞིབ་དག་ཐེར་བཅོས་སྐྱོང་བྱ་བ་བཟང་བོར་སྒྲུབ་པའི་ཐད་ལ་རེ་བ་གསལ་བོ་བཏོན་པར་མ་ཟད། འབྲེལ་ཡོད་བསླབ་གཞིའི་ཐད་ནས་ཆེད་མཁས་པ་དང་ཤེས་ཡོན་ཅན་དང་མཉམ་དུ་བཞུགས་མོལ་དང་བརྗེ་རེས་བྱས།

རྟོག་ཞིབ་བྱེད་པའི་སྐབས་སུ། ལིས་ཞི་ཧུའུ་པེ་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གཞུང་སྒྲུབ་ཁང་དང་ཨུ་ཀྲིག་གྲོང་ཁྱེར་ཧྭ་རོང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དུ་ཕེབས་ཏེ། བྱ་བའི་འཕེལ་རིམ་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། འགོ་འཛིན་མཛད་དེ་ཞིང་ཆེན་དང་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་བཞུགས་མོལ་ཚོགས་འདུ་བསྡུས། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཚུན་ལ། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏན་ཏིག་སྒོས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་པ་དང་མགོ་ཚུགས་པ་ཧ་ཅང་བཟང་། མངགས་བཅོལ་ཡིད་ལ་དམ་པོར་བཅངས་ཤིང་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། ཆབ་སྲིད་ལྟ་རྟོག་ནུས་པ་ཇེ་ཆེར་གཏོང་བ་གོ་གནས་གལ་ཆེན་དུ་འཇོག་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དངོས་འབེབས་བཟང་བོ་བྱེད་དགོས་ལ། སྒྲིག་ལམ་སློབ་གསོ་དང་སྒྲིག་ལམ་ལག་བསྟར་ནན་མོ་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་གཟབ་ནན་གྱི་དགོངས་གཞི་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་སྡེ་སློབ་གསོའི་དག་ཐེར་ལ་ཚད་མཐོན་པོས་མཐོང་ཆེན་དང་དམ་འཛིན་བྱེད་པ་དང་། བསམ་བློ་ལྷད་མེད་དུ་གཏོང་བ་དང་རྩ་འཛུགས་ལྷད་མེད་དུ་བཏང་ནས།  བློ་དཀར་ཞིང་དང་སྤྱོད་པ་གཙང་ལ། ཁུག་ཁུར་ལྡན་ཞིང་སྤོབས་པ་ཆེན་པོས་འཐབ་རྩོད་བྱེད་མཁས་པའི་དཔུང་སྡེ་ཞིག་གསར་སྐྲུན་བྱེད་དགོས།

                                                                                                                བཀྲ་ཤིས་འབུམ་གྱིས་བསྒྱུར།