ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྱིས་མཚོ་ཤར་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་བྱས། ཕིན་ཨན་ཆུས་དང་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་གི་ཁེ་ལས་དང་། སྡེ་བ། རྫོང་རིམ་པའི་སྨན་སྦྱོར་ལྟེ་གནས། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་སོགས་སུ་གཞི་རིམ་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་གཞི་རིམ་དྲིལ་སྒྲོག་བྱ་བ་དངོས་འབེབས་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།
ཝང་ཏ་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ཟབ་མོ་བཅས་བྱེད་རྒྱུ་དེ་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། དེ་ཏང་གི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པའི་དགོངས་དོན་སློབ་སྦྱོང་བྱེད་པ་དང་སྦྲེལ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུངས་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་དགོངས་དོན་དངོས་འབེབས་བྱེད་པ་དང་སྦྲེལ་ཏེ། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་པར་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱེད་དགོས་ལ། སེམས་ཤུགས་གཅིག་སྡུད་དང་། དྲིན་ཚོར་ཡར་བརྩོན། མཐུན་སྒྲིལ་དངོས་སྒྲུབ་བཅས་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས།
ཝང་ཏ་ནན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དངོས་འབེབས་ནན་མོ་བྱས་ཏེ། གཞུང་ལུགས་དཔྱད་གླེང་དང་། དྲ་ལམ་དང་དྲ་ལམ་མ་ཡིན་པར་གཅིག་གྱུར་འཆར་འགོད་བྱེད་པ། སློབ་སྦྱོང་དྲིལ་སྒྲོག་དང་འགྲེལ་ཀློག་གསལ་བཤད་ལ་ཤུགས་སྣོན་པ། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ཡང་དག་པར་དྲིལ་སྒྲོག་དང་ལག་བསྟར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་བཀོད་སྒྲིག་གལ་ཆེན་དངོས་འབེབས་མཐའ་འཁྱོལ་བྱེད་དགོས། དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ལས་དོན་ཐད་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བཀོལ་སྤྱོད་དང་། ལྷག་པར་མཚོ་སྔོན་འཕེལ་རྒྱས་ཀྱི་འཕེལ་རིམ་གསར་པ་དང་མང་ཚོགས་ཀྱི་འཚོ་བའི་འགྱུར་ལྡོག་གསར་པར་དམིགས་ནས། གྲུབ་འབྲས་དྲིལ་སྒྲོག་དང་སྲིད་ཇུས་འགྲེལ་ཀློག་བྱེད་པར་ཤུགས་སྣོན་པ་དང་། སྔར་ལས་ལེགས་པའི་སྒོ་ནས་ཡིད་རྟོན་ཇེ་དྲག་དང་དམངས་སེམས་གཅིག་སྒྲིལ། མི་སེམས་བདེ་བར་བྱེད་དགོས། གྲངས་ཀའི་ནུས་པ་དམ་འཛིན་གང་ལེགས་བྱས་ཏེ། གཞི་རིམ་འཐབ་ཡུལ་བརྟན་པོར་འཛུགས་པ་དང་། མང་ཚོགས་དང་འཚོ་བ་དང་ཉེ་བར་བཅར་བའི་བྱེད་ཐབས་དང་སྐད་བརྡ་སྤྱད་ནས། མང་ཚོགས་ཀྱིས་ལྟ་འདོད་ཡོད་ཅིང་ཉན་སྤྲོ་བའི་དྲིལ་སྒྲོག་དང་སྒྲོག་འགྲེལ་བྱ་འགུལ་སྤེལ་ནས། དྲིལ་སྒྲོག་ཤུགས་ཡོད་དང་། མཉམ་འདྲེས་སྨྱན་སྦྱོར་གྱི་ཐོན་རྫས་ཁྱབ་སྤེལ་དང་། དྲིལ་སྒྲོག་བྱ་བའི་དག་སྲུང་གསར་གཏོད་དང་སྤུས་འདེགས་ཕན་སྐྱེད་ལ་སྐུལ་འདེད་གཏོང་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།