ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་ཚབ་ཚོགས་པས་མཚོ་སྔོན་དུ་རྟོག་ཞིབ་བྱས།
2023.03.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་ཡོང་ནས་རྟོག་ཞིབ་བྱས་པ་དང་། ཟི་ལིང་གྲོང་ཁྱེར་ནས་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་དང་མཚོ་སྔོན་ཞིང་ཆེན་གྱི་བྱ་བའི་མཉམ་ལས་བཞུགས་མོལ་ཚོགས་འདུ་བསྡུས། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་མཱ་ཞིན་རུའེ་ཡིས་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིསའགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཨེར་ཁིན.ཐུའུ་ཉི་ཡ་ཙི་དང་། རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། དམག་སྡེ་ཡི་ཆབ་སྲིད་ཨུ་ཡོན་ལིས་དབྱི་ཧྥེ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་བཅས་ཀྱིས་སོ་སོར་ཞིན་ཅང་དང་དམག་སྡེ། མཚོ་སྔོན་བཅས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད། ཞིན་ཅུང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧི་ཀྲུང་ཡིའུ་གྲོས་ཚོགས་ལ་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་། མཱ་ཞིན་རུའེ་ཡིས་ཞི་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་། དམག་དཔུང་བཅས་ཀྱི་ཚབ་བྱས་ནས། མཚོ་སྔོན་ཞིང་ཆེན་གྱིས་དུས་ཡུན་རིང་བོར་ཞིན་ཅང་ལ་རྒྱབ་སྐྱོར་དང་རོགས་སྐྱོར་གནང་བར་བཀའ་དྲིན་ཞུས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་པར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིན་ཅང་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་འཆར་འགོད་བཀོད་སྒྲིག་བྱས་པ་དང་ཁ་ཕྱོགས་གཏན་ཁེལ་བྱས་ཏེ། ང་ཚོས་དུས་རབས་གསར་པའི་ཞིན་ཅང་གི་བྱ་བ་དང་མཚོ་སྔོན་གྱི་བྱ་བ་བཟང་བོར་སྒྲུབ་པའི་ཐད་སྒུལ་ཤུགས་ཆེན་པོ་བསྣན་པ་དང་། ཞིན་ཅང་དང་མཚོ་སྔོན་གཉིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་སྐྱོད་ལམ་གསར་པ་རུ་བསྐྱོད་པའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན། ཞིན་ཅང་དང་མཚོ་སྔོན་གཉིས་ཀྱི་ས་ཁོངས་འབྲེལ་ཞིང་བརྩེ་བ་ཟབ་པ་དང་། འབྲེལ་བ་བཟང་ལ། མི་རིགས་བར་འགྲོ་འོང་དང་བརྗེ་རེས་། མཉམ་འདྲེས་བྱེད་ཀྱིན་ཡོད་པ་དང་། དཔལ་འབྱོར་འཕེལ་རྒྱས་ཐད་ནས་ཁ་གསབ་མཉམ་བསྲེས་བྱས་ཡོད། རྒྱུད་གཅིག་ལམ་གཅིག་དང་རྒྱལ་ཁབ་ཀྱི་ནུབ་ཕྱོགས་སུ་སྒོ་འབྱེད་པའི་སྤྱིའི་བཀོད་སྒྲིག་དང་སྐོར་ཐེངས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་པོ་སོགས་འཐབ་ཇུས་ལག་བསྟར་བྱས་པ་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་དང་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་གཉིས་ཀྱི་དགེ་མཚན་ཁ་གསབ་སྔར་ལས་མངོན་གསལ་ཡིན་པ་དང་། མཉམ་ལས་འཕེལ་རྒྱས་ཀྱི་གོ་སྐབས་བཟང་བོར་འཕྲད་ཡོད། ང་ཚོས་མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་དྲིན་གཟོ་འབད་འཐབ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་དང་ཆ་ཚང་བྱེད་པ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གོ་སྐབས་དམ་འཛིན་བྱེད་པ། མཉམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་དགོས། རྨང་གཞིའི་སྒྲིག་ཆས་ཐད་ཀྱི་འབྲེལ་མཐུད་མཉམ་ལས་ལ་ཤུགས་སྣོན་པ་དང་། ཕྱོགས་ཡོངས་ནས་མཉམ་འབྲེལ་མཉམ་མཐུད་བྱེད་ཚད་མཐོར་འདེགས་སུ་བཏང་ནས། ཁུལ་ཁོངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་བགྲོད་ལམ་འཛུགས་སྐྲུན་བྱེད་དགོས། ཐོན་ལས་དང་དཔལ་འབྱོར་ཉོ་ཚོང་གི་འབྲེལ་མཐུད་མཉམ་ལས་ལ་ཤུགས་སྣོན་པ་དང་། ཐོན་ལས་དང་ནུས་ཁུངས་ཐོན་ཁུངས་ཀྱི་སྦས་ཤུགས་ཕྱིར་འདོན་བྱས་ཏེ། དར་གོས་ཚོང་ལམ་རྒྱུད་ཀྱི་རྒྱལ་ཁབ་དང་རྒྱལ་ནང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་པའི་ཚོང་ར་ཆེན་པོ་མཉམ་དུ་གསར་འབྱེད་བྱེད་དགོས། ཚན་རིག་སློབ་གསོ་དང་རིག་གནས་ཡུལ་སྐོར་ཐད་ཀྱི་འབྲེལ་མཐུད་མཉམ་ལས་ལ་ཤུགས་སྣོན་པ་དང་། ནུབ་བྱང་མཉམ་འབྲེལ་གྱི་གསར་གཏོད་མཐོ་གནས་འཛུགས་སྐྲུན་བྱེད་པ། རིག་གནས་ཡུལ་སྐོར་གྱི་ཚོང་རྟགས་མཉམ་འཛུགས་དང་ཐོན་ཁུངས་མཉམ་སྤྱོད། ཐོན་ལས་མཉམ་བསྲེས་བྱེད་པར་ཤུགས་བསྣན་ནས། ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་མང་པོའི་ཕྱོགས་ཡོངས་ཀྱི་འགྲོ་འོང་བརྗེ་རེས་དང་གཉིས་ཕན་མཉམ་ལས་ཀྱི་རྣམ་པ་གསར་པ་བསྐྲུན་དགོས།

ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་བཅས་ཀྱི་ཚབ་བྱས་ནས་ཞིན་ཅང་གི་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས་པ་དང་། ཞིན་ཅང་གིས་དུས་ཡུན་རིང་བོར་མཚོ་སྔོན་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིན་ཅང་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། དུས་རབས་གསར་པའི་ཏང་གི་ཞིན་ཅང་བཅོས་སྐྱོང་བྱེད་པའི་ཇུས་གཞི་ཆེན་མོ་དོན་འཁྱོལ་བྱས་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཞིན་ཅང་གི་ལག་ལེན་ལ་སྐུལ་འདེད་བཏང་བ་དང་། བརྟན་འཇགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གསར་སྐྲུན་བྱས་ལ། ལྷག་པར་དུ་འཕེལ་རྒྱས་དང་བདེ་འཇགས་ཀྱི་འབྲེལ་བ་ཐག་གཅོད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ། ཕྱི་ཕྱོགས་སྒོ་འབྱེད་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་སོགས་ཕྱོགས་ནས་བླངས་པའི་གྲུབ་འབྲས་ཆེན་པོར་བརྩི་འཇོག་ཡིད་སྨོན་བྱེད་ཀྱིན་ཡོད་ལ། ང་ཚོར་མིག་དཔེ་དང་དཔེ་སྟོན་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གནས་ཚུལ་དངོས་ཀྱི་གནས་ཐིག་གཏན་ཁེལ་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལྟར། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་རྒྱུ་དེ་བྱེད་ཐབས་སུ་བརྩིས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཀོད་པའི་འཆར་གཞི་དེ་ལག་བསྟར་པར་རིས་དང་རྣམ་པ་གསར་པ་རུ་བསྒྱུར་བཞིན་ཡོད། ཞིན་ཅང་དང་མཚོ་སྔོན་གཉིས་ནི་སོ་སྲུང་རོགས་རེས་བྱེད་པའི་སྤུན་ཟླ་བཟང་བོ་ཡིན་པ་དང་། མི་རིགས་མང་པོ་འདུས་སྡོད་དང་ཆོས་ལུགས་མང་པོ་མཉམ་གནས། སྣ་མང་རིག་གནས་མཉམ་བསྲེས་བྱེད་པའི་ཁྱད་ཆོས་ལྡན་ལ། ཞིན་ཅང་དང་མཚོ་སྔོན་གཉིས་ཀ་རྒྱལ་ཡོངས་ཀྱི་ཐོན་ཁུངས་ཀྱི་གཏེར་མཛོད་དང་ནུས་ཁུངས་འཛོམས་པའི་ས་ཁུལ་ཡིན་པ་དང་། དུས་ཡུན་རིང་བོར་མཚོ་སྔོན་དང་ཞིན་ཅང་གཉིས་ཀྱིས་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ང་ཚོས་ཐེངས་འདིའི་གྲོས་མཐུན་དེ་འགོ་ཚུགས་ས་གསར་པ་རུ་བརྩིས་ནས། ཕན་ལྡན་མཉམ་ལས་ལ་ཤུགས་སྣོན་པ་དང་། སྟོབས་ཤུགས་ཡོད་རྒུས་གྲོས་མཐུན་གྱི་ནང་དོན་སྔ་མོ་ནས་མཉམ་ལས་ཀྱི་གྲུབ་འབྲས་སུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། ས་ཆ་གཉིས་ཀྱིས་ཕན་ཚུན་ལ་སྐུལ་འདེད་གཏོང་བ་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་བ་མངོན་འགྱུར་བྱེད་དགོས།

མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས། འཐུས་ཚབ་ཚོགས་པ་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་རྨ་ཆུའི་ཀུང་ཟི་ཟི་ལིང་ཉི་འོད་ནུས་པའི་གློག་ཤུགས་ཡན་ལག་ཀུང་ཟི་དང་མཚོ་སྔོན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ལྟེ་གནས། མཚོ་སྔོན་ཨ་ཆེན་གངས་རྒྱབ་ཟས་རིགས་ཚད་ཡོད་ཀུང་ཟི་བཅས་ལ་སོང་ནས་རྟོག་ཞིབ་བྱས།

རང་སྐྱོང་ལྗོངས་དང་དམག་སྡེ་ཡི་འགོ་ཁྲིད་ཀྲང་ཀྲུའུ་དང་ཐེན་ཞང་ལིས། ཝང་མེན་ཧྲན། དབྱང་ཧྥ་སུན། དབྱི་ལིས་ཀྲ་ཐིས.ཨེ་ཧི་མའེ་ཐིས་ཅང་། ཁྲིན་མེན་གོ། ཝང་ཀང་། ལིའུ་ཞིན་ཅན། ཧྭ་ཙིན་ཡིའུ། ལིས་ཡུང་ཧུང་། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་། ཚེ་རིང་ཐར། ཝུའུ་ལ་ཙི་པེ་ཁི.རི་སུའུ་ལིས་ཧྭན། པད་ཁོ། ཀྲུའུ་ཞང་ཧྥིན། ལིའུ་ཐའོ། ལིས་ཧུང་ཡ་སོགས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།