ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མའོ་སི་ཁོའི་ཁི་ལི་མུའུ་ལིན་ཕོ་བྲང་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་མཛད། ཕུའུ་ཅིན་གྱིས་ཆའོ་ཀྲི་ཚོམས་ཁང་ནས་ཞི་ཅིན་ཕིང་ལ་དགའ་བསུའི་མཛད་སྒོ་གཟབ་རྒྱས་ངང་སྤེལ། འདི་ནི་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཕྱག་འཇུ་མཛད་པའི་དྲན་རྟེན་འདྲ་པར་རེད།
ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མའོ་སི་ཁོའི་ཁི་ལི་མུའུ་ལིན་ཕོ་བྲང་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་མཛད། ཕུའུ་ཅིན་གྱིས་ཆའོ་ཀྲི་ཚོམས་ཁང་ནས་ཞི་ཅིན་ཕིང་ལ་དགའ་བསུའི་མཛད་སྒོ་གཟབ་རྒྱས་ངང་སྤེལ། འདི་ནི་རྔམ་བརྗིད་ལྡན་པའི་མགྲོན་བསུའི་གླུ་དབྱངས་ཁྲོད། ཞི་ཅིན་ཕིང་དང་ཕུའུ་ཅིན་རྣམ་གཉིས་སོ་སོར་ཆའོ་ཀྲི་ཚོམས་ཆེན་འགྲམ་གཉིས་ཀྱི་ས་གདན་དམར་པོ་བརྒྱུད་དེ་ཚོམས་ཆེན་དཀྱིལ་དབུས་སུ་འགྲོ་བཞིན་པའི་རྣམ་པ་རེད།
ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མའོ་སི་ཁོའི་ཁི་ལི་མུའུ་ལིན་ཕོ་བྲང་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་མཛད། ཕུའུ་ཅིན་གྱིས་ཆའོ་ཀྲི་ཚོམས་ཁང་ནས་ཞི་ཅིན་ཕིང་ལ་དགའ་བསུའི་མཛད་སྒོ་གཟབ་རྒྱས་ངང་སྤེལ།
ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མའོ་སི་ཁོའི་ཁི་ལི་མུའུ་ལིན་ཕོ་བྲང་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་མཛད། ཕུའུ་ཅིན་གྱིས་ཆའོ་ཀྲི་ཚོམས་ཁང་ནས་ཞི་ཅིན་ཕིང་ལ་དགའ་བསུའི་མཛད་སྒོ་གཟབ་རྒྱས་ངང་སྤེལ། འདི་ནི་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཕྱག་འཇུ་མཛད་པའི་དྲན་རྟེན་འདྲ་པར་རེད།
ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མའོ་སི་ཁོའི་ཁི་ལི་མུའུ་ལིན་ཕོ་བྲང་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་མཛད། འདི་ནི་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཁྱབ་ཁོངས་ཆུང་བའི་གྲོས་མོལ་མཛད་པའི་རྣམ་པ་རེད།
ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མའོ་སི་ཁོའི་ཁི་ལི་མུའུ་ལིན་ཕོ་བྲང་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་མཛད། འདི་ནི་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཁྱབ་ཁོངས་ཆེན་པོའི་གྲོས་མོལ་མཛད་པའི་རྣམ་པ་རེད།
ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མའོ་སི་ཁོའི་ཁི་ལི་མུའུ་ལིན་ཕོ་བྲང་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་མཉམ་འབྲེལ་གསལ་སྒྲོག་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་གི་ཉིས་སྟོང་སུམ་ཅུ་ལོའི་སྔོན་ཀྲུང་གོ་དང་ཨུ་རུ་སིའི་དཔལ་འབྱོར་མཉམ་ལས་ཀྱི་ཁ་ཕྱོགས་གཙོ་བོའི་འཕེལ་རྒྱས་འཆར་འགོད་སྐོར་གྱི་མཉམ་འབྲེལ་གསལ་སྒྲོག་སྟེང་མིང་འགོད་པའི་རྣམ་པ་རེད།
ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མའོ་སི་ཁོའི་ཁི་ལི་མུའུ་ལིན་ཕོ་བྲང་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས་པའི་རྣམ་པ་རེད།
ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མའོ་སི་ཁོའི་ཁི་ལི་མུའུ་ལིན་ཕོ་བྲང་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་ལྷག་བསམ་རྣམ་དག་དང་མཛའ་མཐུན་ལྡན་ལ། གྲུབ་འབྲས་ལྡན་པའི་སྒོ་ནས་གྲོས་མོལ་བྱས་ཏེ། ཐུན་མོང་གི་ལྟ་ཚུལ་གལ་ཆེན་མང་དུ་བྱུང་། ཕྱོགས་གཉིས་ཀ་ཁྱིམ་མཚེས་མཛའ་མཐུན་དང་མཉམ་ལས་གཉིས་རྒྱལ་གྱི་རྩ་དོན་གཞིར་བཟུང་སྟེ་ཁྱབ་ཁོངས་སོ་སོའི་འགྲོ་འོང་མཉམ་ལས་ལ་སྐུལ་འདེད་བཏང་ནས། དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་ཡིད་འཐད་བྱུང་།
ཕུའུ་ཅིན་གྱིས་ཆའོ་ཀྲི་ཚོམས་ཁང་ནས་ཞི་ཅིན་ཕིང་ལ་དགའ་བསུའི་མཛད་སྒོ་གཟབ་རྒྱས་བསྡུས། རྔམ་བརྗིད་ལྡན་པའི་མགྲོན་བསུའི་གླུ་དབྱངས་ཁྲོད། ཞི་ཅིན་ཕིང་དང་ཕུའུ་ཅིན་རྣམ་གཉིས་སོ་སོར་ཆའོ་ཀྲི་ཚོམས་ཆེན་འགྲམ་གཉིས་ཀྱི་ས་གདན་དམར་པོ་བརྒྱུད་དེ་ཚོམས་ཆེན་དཀྱིལ་དབུས་སུ་ཕེབས་ནས་ཕྱག་འཇུ་གནང་སྟེ་དྲན་རྟེན་འདྲ་པར་བླངས་པ་དང་། དམག་དཔུང་རོལ་དབྱངས་ཚོགས་པས་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ལེན་བྱས།
རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་སྔ་གཞུག་ཏུ་ཁྱབ་ཁོངས་ཆུང་བ་དང་ཁྱབ་ཁོངས་ཆེན་པོའི་གྲོས་མོལ་མཛད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སི་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཆེན་མོ་ཡིན་ཞིང་། ཨུ་རུ་སིའི་བར་གྱི་དུས་ཡུན་རིང་བོའི་ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་དེ་ལོ་རྒྱུས་ཀྱི་གཏན་ཚིགས་དང་མཐུན་ལ། ཀྲུང་གོ་ཕྱོགས་ཀྱི་འཐབ་ཇུས་གདམ་གསེས་ཡིན་པས། དུས་ངེས་མེད་དུ་འགྱུར་ལྡོག་འབྱུང་མི་སྲིད། བདག་གིས་ལོ་ངོ་བཅུའི་སྔོན་ལ་ཐོག་དང་པོར་ཨུ་རུ་སིར་རྒྱལ་དོན་འཚམས་འདྲི་བྱས་པའི་ཚུན་ལ། ཀྲུང་གོ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། གཉིས་ཕན་མཉམ་རྒྱལ་བཅས་བྱས་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་ཇེ་ཟབ་ཏུ་སོང་བ་དང་། སྔར་ལས་དངོས་གཉེར་དང་འཐབ་ཇུས་རང་བཞིན་ལྡན་པའི་ཁྱད་ཆོས་མངོན་ཡོད།
ཐེངས་འདིའི་འཚམས་འདྲིའི་སྐབས་སུ། ང་ཚོའི་རླངས་འཁོར་འགྲོ་བའི་ལམ་ཁ་རུ་ཨུ་རུ་སིའི་མང་ཚོགས་ཀྱིས་རང་འགུལ་གྱིས་གུས་བརྡ་བསྟན་པ་དང་། ངས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བར་དམངས་སེམས་བརྟན་པོ་ཐོབ་ཡོད་པ་ཚོར་བྱུང་། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་ཡང་། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བར་སྐུལ་འདེད་གཏོང་ངེས་ཡིན། ཐེངས་འདིར་ངས་ཨུ་རུ་སིར་རྒྱལ་དོན་འཚམས་འདྲི་བྱས་པ་ནི་མཛའ་མཐུན་གྱི་འགྲུལ་བཞུད་ཅིག་དང་མཉམ་ལས་ཀྱི་འགྲུལ་བཞུད་ཅིག ཞི་བདེའི་འགྲུལ་བཞུད་ཅིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་དང་མཉམ་དུ་སྔར་སོང་རྗེས་མཐུད་དང་མ་འོངས་གསར་སྤེལ་གྱིས་ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་ཕན་བདེ་བསྐྲུན་པ་དང་། མིའི་རིགས་ཀྱི་གོང་སྤེལ་བྱ་བར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་རྒྱལ་སྤྱིའི་གནས་བབ་ལ་འཕེལ་འགྱུར་འབྱུང་བཞིན་ཡོད་པ་དང་རྒྱལ་སྤྱིའི་སྟོབས་ཤུགས་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་དང་འཛམ་གླིང་གི་རྒྱལ་ཁབ་ཆེན་མོ་ཡིན་པའི་ཆ་ནས། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་འགན་འཁྲི་ཁུར་དུ་ལེན་དགོས། མཉམ་དུ་འབད་བརྩོན་བྱས་ཏེ་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་དང་འཚམ་པའི་ཕྱོགས་སུ་མདུན་སྐྱོད་བྱེད་པར་ཁྲིད་སྟོན་དང་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་ཡར་སྐུལ་བྱེད་དགོས། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ཁེ་ཕན་གཙོ་བོར་འབྲེལ་བའི་གནད་དོན་ཐད་ནས་ཕན་ཚུན་རྒྱལ་སྐྱོར་བྱས་ནས། མཉམ་དུ་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ནང་སྲིད་ལ་ཐེ་གཏོགས་བྱེད་པར་བཀག་འགོག་བྱེད་དགོས་ལ། རྒྱལ་སྤྱིའི་ལས་དོན་དང་ཁྱད་པར་དུ་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས། གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་རྐྱེན་སྲོལ་སོགས་ཕྱོགས་མང་བོའི་སྒྲོམ་གཞིའི་ནང་གི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ནས། ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པ་དང་། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱེད་པ། འཛམ་གླིང་ཡོངས་ཀྱི་རིམས་ནད་རྗེས་ཀྱི་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་བ། སྣེ་མང་ཅན་གྱི་འཕེལ་ཕྱོགས་ལ་ཡར་སྐུལ་དང་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་མ་ལག་གི་བཅོས་སྒྱུར་དང་འཐུས་ཚང་ལ་སྐུལ་འདེད་གཏོང་དགོས།
རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བའི་ཁྱབ་ཁོངས་སོ་སོའི་མཉམ་ལས་གནས་ཚུལ་སྐོར་གྱི་སྙན་ཞུར་གསན།
ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་དང་ཁེ་ཕན་གཅིག་འདྲེས། དམངས་སེམས་གཅིག་མཐུན་བཅས་ཇེ་ཟབ་ཏུ་འགྲོ་བཞིན་པ་དང་། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ནུས་ཁུངས། མི་གཞུང་། ས་གནས་སོགས་ས་ཁོངས་མཉམ་ལས་ལ་བསྟུད་མར་སྐུལ་འདེད་བཏང་ནས། མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་ཐུན་མོང་ལྟ་ཚུལ་ལ་སྔར་ལས་ཤུགས་སྣོན་དགོས། ད་ལོ་ནི་ཀྲུང་གོས་ཕྱོགས་ཡོངས་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པའི་ལོ་ཐོག་མ་ཡིན་ཞིང་། ང་ཚོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མྱུར་དུ་བསྐྲུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་སྐུལ་གང་ལེགས་བྱས་ཏེ། ཕྱོགས་ཡོངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ཨུ་རུ་སིའི་མཉམ་ལས་སྦས་ཤུགས་དང་བར་སྟོང་ཧ་ཅང་ཆེ་ལ། འཐབ་ཇུས་རང་བཞིན་དང་བརྟན་འཇགས་རང་བཞིན། བློ་གཏད་རང་བཞིན་བཅས་ལྡན། ཕྱོགས་གཉིས་ཀྱིས་གཅིག་འདོམ་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཤིང་། ནུས་ཁུངས་དང་ཐོན་ཁུངས། གློག་འཕྲུལ་ཐོན་རྫས་སོགས་སྲོལ་རྒྱུན་གྱི་ཉོ་ཚོང་རྒྱ་བསྐྱེད་པ་དང་། བསྟུད་མར་ཐོན་ལས་མུ་འབྲེལ་ཅན་གྱི་མཁོ་འདོན་ནུས་པ་ཇེ་དྲག་ཏུ་བཏང་སྟེ། ཆ་འཕྲིན་ལག་རྩལ་དང་གྲངས་ལྡན་དཔལ་འབྱོར། ཞིང་ལས། ཞབས་ཞུའི་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དགོས།
ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་ཕྱོགས་ཀྱིས་ཡང་བསྐྱར་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འདེམ་ཤོག་ཁ་ཚང་ཐོབ་ནས་ཡང་བསྐྱར་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་འཁུར་བ་དང་། ཀྲུང་གོའི་སྐབས་གསར་པའི་སྲིད་གཞུང་རྩ་འཛུགས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་ཡིན། མིག་སྔར་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ཧ་ཅང་བཟང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ། སྲིད་གཞུང་དང་ཁྲིམས་འཛུགས་ལས་ཁུངས། དེ་མིན་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་སྔར་ལས་ཇེ་མང་དུ་སོང་ཡོད། པྲོག་གསར་གློ་ཚད་རིམས་ནད་སོགས་རྙོག་འཛིང་ཆེ་བའི་ཕྱི་ཕྱོགས་ཁོར་ཡུག་འོག ཨུ་རུ་སི་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་ཉོ་ཚོང་འཕར་སྣོན་བྱུང་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་སྔར་ཡོད་ཀྱི་བརྗེ་རེས་ཐབས་ལམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ནུས་ཁུངས། མཁའ་འགྲུལ། རྒྱལ་ཁོངས་བརྒལ་བའི་དངོས་སྐྱེལ་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་འཕེལ་རྒྱས་གསར་པ་བྱུང་ཡོད་ལ། ལུས་རྩལ་དང་ཡུལ་སྤོར། ས་གནས་སོགས་ཀྱི་མི་གཞུང་བརྗེ་རེས་ཆུ་ཚད་གསར་པར་སླེབས་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཐེ་ཝན་དང་ཞང་ཀང་། ཞིན་ཅང་བཅས་དང་འབྲེལ་བའི་གནད་དོན་ཐད་ནས་རང་སྟེང་གི་དྲང་བདེན་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་དང་དབྱི་ལིང་གི་པེ་ཅིང་གྲོས་མོལ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་བར་རྟེན་འབྲེལ་ཞུ་བཞིན་ཡོད། དེ་ལས་ཀྲུང་གོ་ནི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་ཆེན་མོ་ཡིན་པའི་གོ་གནས་གལ་ཆེན་དང་ཤུགས་རྐྱེན་ཆེན་པོ་མངོན་པར་མཚོན་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་ལས་དོན་ཁྲོད་དངོས་ཡོད་དྲང་བདེན་གྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་གཞི་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞི། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་གཞི་བཅས་ལ་རྒྱབ་སྐྱོར་བྱེད་པར་མ་ཟད། ཀྲུང་གོའི་བར་གྱི་རྒྱལ་སྤྱིའི་རོགས་ལས་ལ་སྔར་ལས་ཤུགས་སྣོན་འདོད་ཡོད།
རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བལྟས་ན། ཐེངས་འདིའི་འཚམས་འདྲིའི་སྐབས་སུ་ཕྱོགས་གཉིས་ཀྱིས་བརྗེ་རེས་གཏིང་ཟབ་བྱས་པ་དང་། ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཨུ་རུ་སི་དང་ཀྲུང་གོའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད་པར་འདོད།
རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཀོད་པའི་ཐུན་མོང་ལྟ་ཚུལ་གཞིར་བཟུང་སྟེ། འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་གཞོགས་འདེགས་དམ་ཟབ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་འཕེལ་རྒྱས་སྔར་ལས་ཆེན་པོ་ཐོབ་པ་དང་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་དར་རྒྱས་ལ་རོགས་འདེགས་བྱེད་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།
རྒྱལ་ཁབ་གཉིས་ཀྱི་འགོ་གཙོ་མུ་མཐུད་དུ་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་འབྲེལ་འདྲིས་སྲུང་འཛིན་བྱས་ཏེ། མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་བྱེད་པར་ཡིད་འཐད་བྱུང་།
གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་མཉམ་འབྲེལ་གསལ་སྒྲོག་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་གི་ཉིས་སྟོང་སུམ་ཅུ་ལོའི་སྔོན་ཀྲུང་གོ་དང་ཨུ་རུ་སིའི་དཔལ་འབྱོར་མཉམ་ལས་ཀྱི་ཁ་ཕྱོགས་གཙོ་བོའི་འཕེལ་རྒྱས་འཆར་འགོད་སྐོར་གྱི་མཉམ་འབྲེལ་གསལ་སྒྲོག་སྟེང་མིང་བཀོད།
འཚམས་འདྲིའི་སྐབས་སུ་ཕྱོགས་གཉིས་ཀྱིས་ད་རུང་ཞིང་ལས་དང་ནགས་ལས། རྨང་གཞིའི་ཚན་ཞིབ། ཚོང་རའི་ལྟ་རྟོག་དོ་དམ། སྨྱན་བྱད་སོགས་ཁྱབ་ཁོངས་མང་བོའི་མཉམ་ལས་ཡིག་ཆ་མང་བོ་བཀོད།
རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ད་རུང་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།
ཉིན་དེའི་དགོང་མོར། ཕུའུ་ཅིན་གྱིས་ཁི་ལི་མུའུ་ལིན་ཕོ་བྲང་ནས་ཞི་ཅིན་ཕིང་ལ་དགའ་བསུའི་གསོལ་སྟོན་གཟབ་རྒྱས་བཤམས།
ཚའེ་ཆི་དང་། ཝང་དབྱི། ཆིན་ཀང་། དེ་མིན་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་འགོ་ཁྲིད་པ་བཅས་གོང་གི་བྱ་འགུལ་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།