ཀྲང་ཧོང་ཡོན་ཞིང་ཆེན་དམངས་ཆེན་ཞིང་ཕྱུགས་ཨུ་ཡོན་ལྷན་ཁང་གི་ཁ་གཏད་ཀྱི་ལས་ཁུངས་འབྲེལ་གཏུགས་གྲོས་ཚོགས་ལ་ཞུགས
2023.03.22 ཁུངས། ཀློག་གྲངས། 20

ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་ཞིང་ཕྱུགས་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ཏེ་ཁ་གཏད་ལས་ཁུངས་ཀྱི་འབྲེལ་གཏུག་དང་ཆེད་དུ་དྲི་བ་བཏོན་པ་དང་ལན་བཏབ་པའི་ཁས་ལེན་དོན་དག་དག་ཐེར་བཅོས་སྐྱོང་སྐུལ་སྤེལ་གྲོས་ཚོགས་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཧོང་ཡོན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཀྲང་ཧོང་ཡོན་གྱིས་བསྟན་དོན། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་ཤུགས་སྣོན་པ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ཡིན་པས། དེར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པ། བྱ་བའི་དོན་དངོས་དང་དམ་དུ་སྦྲེལ་ཏེ་བརྟག་དཔྱད་ཞིབ་འཇུག་གི་སྲོལ་བཟང་དར་སྤེལ་བྱས་ཏེ་ལོ་གཅིག་གི་བྱ་བའི་ལས་འགན་ཁག་ཁྱོན་ཡོངས་ནས་དངོས་འབེབས་བྱེད་དགོས།

ཀྲང་ཧོང་ཡོན་གྱིས་ནན་གྱིས་བསྟན་དོན། ལང་གནས་མཐོར་འདེགས་དང་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ཏེ་གྲོང་གསེབ་དར་སྤེལ་གྱི་ཁྲིམས་འཛུགས་རྒྱུ་སྤུས་མཐོར་འདེགས་བྱེད་དགོས། གསར་ཏུ་བཟོ་བཅོས་བརྒྱབ་པའི་ཁྲིམས་འཛུགས་བཅའ་ཁྲིམས་ཀྱི་རེ་བ་ནན་ཏན་ངང་ལག་བསྟར་བྱེད་པ་དང་ཁྲིམས་འཛུགས་ལག་རྩལ་ཚད་གཞི་དང་མཛུབ་སྟོན་ལྟར་ཁྲིམས་འཛུགས་དགོས། གནད་དོན་ལ་དམིགས་ནས་ཁྲིམས་འཛུགས་པ་དང་ཁྲིམས་བཙུགས་ཏེ་གནད་དོན་ཐག་གཅོད་བྱེད་པ། དགོངས་དོན་རྟོགས་པ་དང་གཙོ་གནད་འབུར་དུ་ཐོན་པར་བྱས་ཏེ་ལྟ་སྐུལ་བྱ་བའི་ཕན་འབྲས་ཇེ་དྲག་ཏུ་གཏོང་དགོས། སྤྱི་སྡོམ་བྱ་འགུལ་ལ་བརྟེན་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་འཛུགས་སྐྲུན་ཆེད་དོན་འདྲི་རྩད་གྲོས་ཞིབ་བསམ་འཆར་དང་ཁས་ལེན་བྱས་པའི་དོན་དག་དག་ཐེར་བཅོས་སྐྱོང་བྱ་བ་དངོས་འབེབས་བྱེད་དགོས།   གསར་གཏོད་འབུར་དུ་ཐོན་པར་བྱེད་པ་དང་ཆེད་དོན་བཟང་བོར་བདམས་ནས་དམངས་ཆེན་འཐུས་མི་ཞིང་གྲོང་དུ་བསྐྱོད་པའི་བྱ་འགུལ་བཟང་བོར་སྤེལ་དགོས།  ཧུར་ཐག་གིས་བྱ་འགུལ་ལ་ཞུགས་ཏེ་གནད་དོན་ལ་བསམ་གཞིགས་ཟབ་མོ་གཏོང་བ་དང་། བྱ་བའི་ལས་རྐང་གི་དོན་དངོས་ལ་རྐང་བཙུགས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བསམ་འཆར་དང་གྲོས་གཞི་འདོན་དགོས། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱེད་པར་ཨུ་ཡོན་དང་འཐུས་མིས་འགན་འཁྲི་འདོན་སྤེལ་བྱེད་དགོས། ཐུན་མོང་གི་ལྟ་ཚུལ་གཅིག་ཏུ་བསྡུ་བ་དང་མཉམ་འབྲེལ་བྱེད་པར་ཤུགས་བསྣན་ཏེ་ཤུགས་ཆེན་པོས་བྱ་བ་དངོས་འབེབས་བྱེད་པར་སྐུལ་འདེད་བྱེད་དགོས། མཐུན་སྦྱོར་མཉམ་འབྲེལ་ལ་ཤུགས་བསྣན་ཏེ་ཆ་འཕྲིན་བརྗེ་རེས་དང་སྟོབས་ཤུགས་གསབ་རེས། སེམས་ཤུགས་གཅིག་སྒྲིལ། མཉམ་འབྲེལ་དམ་ཟབ་བཅས་བྱས་ཏེ་བྱ་བ་ཁག་སོ་སོ་དངོས་འབེབས་བྱས་ཏེ་གྲུབ་འབྲས་ཐོབ་པར་མཉམ་དུ་སྐུལ་འདེད་གཏོང་དགོས།

རིག་འཛིན་ཐར་གྱིས་བསྒྱུར།