ཝང་ཧེ་ཧུང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་སླར་གསོ་དང་གོང་འཕེལ་འགུལ་སྐྱོད་བཀོད་གཏོང་ཚོགས་འདུ་བསྡུས།
2023.03.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན། ཧྲིན་ཀྲང་གཞོན་པ་ཝང་ཧེ་ཧུང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་སླར་གསོ་དང་གོང་འཕེལ་འགུལ་སྐྱོད་བཀོད་གཏོང་ཚོགས་འདུ་བསྡུས་པ་དང་། དུས་རིམ་སྔོན་མའི་བྱ་བར་སྤྱི་སྡོམ་དང་རྗེས་ཕྱོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་སླར་གསོ་དང་གོང་འཕེལ་འགུལ་སྐྱོད་དང་འབྲེལ་ཡོད་ཀྱི་ལས་ཁུངས་དང་ས་གནས་ཀྱི་བྱ་བ་ཡར་ཞུ་བྱས་པར་ཉན་རྗེས། ཝང་ཧེ་ཧུང་གིས་དུས་རིམ་སྔོན་མའི་བྱ་བར་ཁས་ལེན་གང་ལེགས་བྱས། ཁོ་མོས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་བཀོད་སྒྲིག་བླང་བྱ་ལྟར། རང་རྟོགས་ངང་གནས་ཡུལ་དུ་སྐྱོད་པ་དང་མགྱོགས་མྱུར་ངང་འགུལ་སྐྱོད་སྤེལ་བ། ཕྱོགས་བསྡུས་ངང་བྱེད་ཐབས་སྤྱོད་པ་དང་མཉམ་ཤུགས་གྲུབ་པར་བྱས་ནས་ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་དཔལ་འབྱོར་སླར་གསོ་རང་བཞིན་གྱི་འཕར་སྣོན་འབྱུང་བའི་རྣམ་པ་བཟང་པོ་གྲུབ་པར་བྱེད་དགོས།

ཝང་ཧེ་ཧུང་གིས་ནན་གྱིས་བསྟན་དོན། སླར་གསོ་འབྱུང་བར་རྒྱབ་སྐྱོར་དང་འཛད་སྤྱོད་རྒྱ་བསྐྱེད་པ་གོ་གནས་གལ་ཆེན་དུ་བཞག་ནས་གནས་བབ་དང་ལས་འགན་ཡང་དག་པའི་ངང་ངོས་ཟིན་པར་བྱས་ཏེ། འཛད་སྤྱོད་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་དམིགས་འབེན་ལས་འགན་ལ་དམ་པོར་སྦྲེལ་བ་དང་འཕེལ་རྒྱས་ཐད་ཀྱི་བློ་རྩ་བརྟན་པ། སྲིད་ཇུས་དང་གོ་སྐབས་དམ་འཛིན་བྱེད་པ། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ལས་རིགས་ལ་དམིགས་ནས་ནང་མཁོ་མུ་མཐུད་རྒྱ་བསྐྱེད་པ་དང་ཚོང་ར་སླར་གསོ་བྱེད་པ། གནད་དོན་ཐག་གཅོད་པ་དང་གསོན་ཤུགས་ལྡན་པར་བྱེད་དགོས། ཁེ་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཁག་དོན་འཁྱོལ་བྱེད་པ་དང་། འགག་སྒྲོལ་དང་ཆད་འཕྲོ་མཐུད་པར་ཤུགས་སྣོན་པ། ཚོང་རའི་གཙོ་གཞི་བེད་སྤྱོད་ཡག་པོ་བྱེད་པ་དང་སྤྱོད་འོས་པ་ལོངས་སུ་སྤྱོད་དགོས། ལས་གཞི་གཙོ་བོའི་སྣེ་ཁྲིད་ཀྱི་ནུས་པ་རྒྱུན་འཁྱོངས་དང་ས་ཁང་ཐོན་ལས་དང་རིག་གནས་ཡུལ་སྐོར། བདེ་ཐང་ཁམས་གསོ། ཚོང་དོན་ལས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དངུལ་སྡུད་དང་ལས་ཀ་སྒྲུབ་པ། དངོས་རྒྱུག་སོགས་ཀྱི་གནད་དོན་དངོས་སུ་ཐག་བཅད་ནས་ལས་གཞིའི་འཛུགས་སྐྲུན་གྱི་དངོས་གཟུགས་ཚད་གང་མང་གྲུབ་པར་སྐུལ་འདེད་གཏོང་དགོས། ཐོན་ལ་ཉེ་བའི་ཡུལ་སྐོར་འཛད་སྤྱོད་དུས་ཚིགས་བཟང་བོ་དམ་འཛིན་བྱས་ནས་ཚོང་རྫས་འབོར་ཆེན་དང་རིག་གནས་ཡུལ་སྐོར། ལུས་རྩལ་རོལ་རྩེད་སོགས་འཛད་སྤྱོད་ལ་སྐུལ་མ་གཏོང་བའི་བྱེད་སྒོ་སྤེལ་དགོས་ལ། ཚོང་ཁང་གི་དཔལ་འབྱོར་དང་མཚན་མོའི་དཔལ་འབྱོར། ལས་སྟེགས་དཔལ་འབྱོར། ཐད་གཏོང་དཔལ་འབྱོར་གོང་དུ་འཕེལ་བར་ཤུགས་བཏོན་ནས་གྲོང་ཁྱེར་དུ་རྣམ་པ་བཟང་པོ་མངོན་པར་བྱེད་དགོས། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་ཞབས་ཞུའི་འགན་སྲུང་ལེགས་སྒྱུར་བྱེད་པ། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས་རྣམ་པ་བཟང་པོ་མངོན་པར་བྱེད་པ་དང་། དུས་ཚིགས་དང་པོའི་འཛད་སྤྱོད་དཔལ་འབྱོར་གྱི་མགོ་བཟང་པོ་རྩོམ་པ་མངོན་འགྱུར་བྱེད་དགོས།

མི་ཕམ་མགོན་པོས་བསྒྱུར།