ཟླ3པའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཱ་ལ་ཝེ་དང་མོ་ཙམ་པི་ཁེ་ལ་ཚ་ཁུལ་དབུགས་འཁྱིལ་གྱི་གནོད་འཚེ་བྱུང་བའི་ཐད། མཱ་ལ་ཝེ་ཡི་ཙུང་ཐུང་ཁྲ་ཁི་ཝེ་ལཱ་དང་མོ་ཙམ་པི་ཁེའི་ཙུང་ཐུང་ཉིའུ་ཞི་ལ་གློག་འཕྲིན་བཏང་ནས་འཚམས་འདྲི་མཛད།
ཞི་ཅིན་ཕིང་གིས་ཚ་ཁུལ་དབུགས་འཁྱིལ“ཧྥོ་ལེ་ཏིས”ཟེར་བ་དེས་མཱ་ལ་ཝེ་དང་མོ་ཙམ་པི་ཁེ་ནས་མི་སྣར་ཤི་རྨས་བཟོས་པ་དང་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་བཟོས་པ་ཤེས་མ་ཐག་ཏུ། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་རྐྱེན་ལམ་དུ་ཤོར་མཁན་ཡོངས་ལ་མྱ་ངན་ཞུས་པ་ཡིན་ལ། རྐྱེན་ལམ་དུ་ཤོར་མཁན་གྱི་ཁྱིམ་མི་དང་རྨས་མར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས་པ་ཡིན། ཁྱོད་ཚོ་རྒྱལ་ཁབ་ཀྱིས་གནོད་འཚེ་ལས་རྣམ་པར་རྒྱལ་བ་དང་ཁྱིམ་གཞིས་ཡང་བསྐྱར་བསྐྲུན་ཐུབ་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།