ཟླ3པའི་ཚེས22ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སིར་རྒྱལ་དོན་འཚམས་འདྲི་མཛད་རྗེས་ཕྱིར་པེ་ཅིང་དུ་འབྱོར།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་དབྱི། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཆིན་ཀང་སོགས་རྒྱལ་དོན་འཚམས་འདྲི་མཛད་རོགས་ཀྱི་མི་སྣ་རྣམས་མཉམ་དུ་ཕྱིར་པེ་ཅིང་དུ་འབྱོར།
ཞི་ཅིན་ཕིང་འཁོར་དང་བཅས་པ་མོ་སི་ཁི་དང་ཞལ་གྱེས་སྐབས། ཨུ་རུ་སིའི་ཙུང་ལི་གཞོན་པ་ཆེ་ཨར་ནེ་ཧྲིན་ཁི་སོགས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་རྣམས་ཀྱིས་གནམ་ཐང་དུ་སྐྱེལ་མ་ཞུ་བའི་མཛད་སྒོ་གཟབ་རྒྱས་བསྡུས།
བན་དེ་སྐྱབས་ཀྱིས་བསྒྱུར།