ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན། ཞིང་ཆེན་སྲིད་གྲོས་ཀྱི་མི་གྲངས་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་དང་ཏང་ཙུའུ་རྒྱས་འཛོམས་ཚོགས་འདུ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཞའོ་ནན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན། ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་མཇུག་བསྡུའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད་ཀྱི་དགོངས་དོན་བཅས་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ལ། ཉིས་སྟོང་ཉེར་གསུམ་ལོའི་མི་གྲངས་ཐོན་ཁུངས་དང་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས། ཨུ་ཡོན་གཉིས་ཀྱིས་གཙོ་འཛིན་གྱི་དགོངས་པ་སློབ་སྦྱོང་དང་འགན་ཁུར་ཅན་གྱི་ཨུ་ཡོན་བྱེད་པ་བརྗོད་དོན་དུ་བྱས་པའི་བརྗེ་རེས་གཏམ་བཤད་སྤེལ།
ལིས་ཞའོ་ནན་གྱིས་ནན་གྱིས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་མགོ་རྩོམ་པའི་གནད་འགག་གི་ལོ་ཡིན་ལ། སྐབས་གསར་པའི་ཞིང་ཆེན་སྲིད་གྲོས་ཀྱི་འགན་སྒྲུབ་ཀྱི་ལོ་ཐོག་མའང་ཡིན་པས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་དམ་འཛིན་བྱེད་དགོས་ལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་སེམས་ཤུགས་གཅིག་ཏུ་བསྡུ་བ་རྒྱུན་འཁྱོངས་བྱེད་པ་དང་། ནམ་ཡང་ཆབ་སྲིད་ཀྱི་གོ་རྟོགས་མཐོ་བའི་མི་བྱེད་དགོས། འགན་འཁྲི་ཁུར་དུ་བླངས་ནས་གཙོ་གནད་འགན་སྒྲུབ་དམ་འཛིན་བྱས་ཏེ། ནམ་ཡང་སྐྱེ་ཁམས་ཀྱི་གཙོ་ཐིག་དང་འཕེལ་རྒྱས་ཀྱི་དཀའ་གནད་ལ་དམིགས་ནས་སྲིད་གྲོས་ཨུ་ཡོན་གྱི་གཙོ་གཞིའི་ནུས་པ་འདོན་སྤེལ་བྱེད་དགོས། ཞབས་ཞུ་དང་དོ་དམ་བཟང་པོར་སྒྲུབ་པ་དང་དེ་བསྟུན་གྱི་འགན་སྒྲུབ་སྟེགས་བུ་འཛུགས་པ། སློབ་སྦྱོང་གསོ་སྦྱོང་ཇེ་དྲག་ཏུ་གཏོང་བ་དང་འགན་སྒྲུབ་དོ་དམ་ལེགས་སྒྱུར་བྱེད་པ། ཞབས་ཞུའི་འགན་སྲུང་སྟེང་ཤུགས་བཏོན་ནས་ཨུ་ཡོན་གྱིས་འགན་སྒྲུབ་བྱེད་པར་ཁོར་ཡུག་དང་ཆ་རྐྱེན་བཟང་པོ་བསྐྲུན་ནས་སྤུས་ཚད་མཐོ་བའི་འགན་སྒྲུབ་ཀྱིས་ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས།
མི་ཕམ་མགོན་པོས་བསྒྱུར།