ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་གྲོས་གཞི་ལ་ཞིབ་འཇུག་བྱས་ལ། འབྲེལ་ཡོད་བྱ་བའི་སྙན་ཞུ་ལ་ཉན་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། ཚན་རྩལ་རང་ཚུགས་རང་འཕེལ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། དེས་ཏང་གིས་ཚན་རྩལ་གསར་གཏོད་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་མཚོན། མཐོ་སྒང་གི་ཚན་རིག་ནི་མཚོ་སྔོན་གྱི་ཞིབ་སྡུར་ཚན་རིག་ཡིན་པས། མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་གླིང་། ཁེ་ལས་ཀྱི་སྟོབས་ཤུགས་བཀོལ་ནས། གནམ་དཔྱད་ཚན་རིག་སྒྲིག་ཆས་དང་མཐོ་སྒང་གི་གསོ་རིག ཚྭ་མཚོ་ཞིབ་འཇུག མཐོ་སྒང་གི་སོན་རྒྱུ་ཐོན་ཁུངས་སོགས་ཁྱབ་ཁོངས་སུ་ཤུགས་འདོན་པ་དང་། ཞིབ་འཇུག་ཐད་ཀྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ་དང་ཞིབ་འཇུག་གཙོ་གཞི་གཏན་ཁེལ་བྱེད་པ། འབྲེལ་ཡོད་སྲིད་ཇུས་ཀྱི་རྒྱབ་སྐྱོར་སོགས་བྱ་བ་བཟང་བོར་བསྒྲུབ་ནས། ཁྱད་ལྡན་སློབ་ཚན་ཁྱབ་ཁོངས་ཀྱི་གཞུང་ལུགས་མཆོང་བརྒལ་དང་གདོད་མའི་གསར་གཏོད་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གྲོས་མོལ་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས། མིའི་རིགས་ཀྱི་མདུན་ལམ་ལས་སྐལ་ལ་རྐང་བཙུགས་ནས་འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་གཞི་བཏོན་པ་དང་། འཛམ་གླིང་གི་དེང་རབས་ཅན་གྱི་རྒྱུད་རིམ་ཐད་ཀྱི་བསམ་གཞིགས་ཟབ་མོ་འདུ་བས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོ་དོན་ཁྱད་ཆོས་དང་ངོ་བོའི་རེ་བ་ཁོང་དུ་ཆུད་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བར་རྐང་བཙུགས་ནས་མཚོ་སྔོན་གྱི་གནས་ཐིག་གཏན་ཁེལ་ཡང་དག་འཚོལ་བ། རང་ཞིང་གི་བྱ་བ་གཙོ་བོ་དང་ལས་འགན་ལ་དམིགས་ནས། རྒྱལ་ཡོངས་མཐུན་སྒྲིལ་མཉམ་ལས་ཁྲོད་མཚོ་སྔོན་གྱི་གྲུབ་འབྲས་མངོན་པར་བྱེད་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ལེ་ཧྥིན་གྱི་སྙིང་སྟོབས་སློབ་སྦྱོང་དང་རྒྱུན་འཛིན་བྱེད་པ་དམ་འཛིན་བྱས་ནས། དེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱེད་པའི་ལག་ལེན་དངོས་སུ་འགྱུར་བར་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྔོན་དུ་མིག་དཔེ་བྱེད་པ་དང་། ལས་རིགས་སོ་སོའི་སྒེའུ་ཁུང་ཞབས་ཞུ་སྡེ་ཁག་གིས་དར་སྤེལ་ཤུགས་ཆེན་བྱེད་པ། སློབ་གྲྭ་ལེ་ཧྥིན་གྱི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་གནད་འགག་གཙོ་གཞི་རུ་བརྩི་བ། དུས་ཐོག་ཏུ་ས་ཆ་སོ་སོ་རུ་བྱུང་བའི་དཔེ་མཚོན་པར་གཞི་འཚོལ་བ་དང་དྲིལ་སྒྲོག་བྱས་ཏེ། ལེ་ཧྥིན་གྱི་སྙིང་སྟོབས་མཚོ་སྔོན་དུ་མི་རབས་ནས་མི་རབས་བར་དུ་དར་སྤེལ་གཏོང་ཐུབ་པར་བྱེད་དགོས་པའི་རེ་བ་བཏོན།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལྟ་ཞིབ་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པར་དམིགས་ནས་ལྟ་ཞིབ་བྱས་ཏེ། ཏང་ནང་ཁུལ་གྱི་ཆབ་སྲིད་ཡིག་ཆ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ལྟ་ཞིབ་བྱ་བའི་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་བ། གནད་འགག་དམ་འཛིན་བྱེད་པ་དང་སྟོང་ཆ་སྐོང་བ། ཞན་ཆ་ཁ་གསབ་བྱེད་པར་དོ་སྣང་བྱས་ནས། བྱ་བ་སྣ་ཚོགས་ཀྱི་སྐུལ་སྤེལ་ནུས་ཤུགས་དང་ལག་བསྟར་ནུས་ཤུགས་ཇེ་དྲག་ཏུ་གཏོང་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་བྱེད་པ་དང་། ཆབ་སྲིད་སྐོར་ཞིབ་ཀྱི་གནས་ཐིག་གཏན་ཁེལ་ཁོང་དུ་ཆུད་པར་བྱས་ཏེ། སྐོར་ཞིབ་བྱ་བའི་ཁ་གཏད་རང་བཞིན་དང་ཕན་ལྡན་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། བྱེད་ཐབས་བཟང་བོ་སྤྱོད་པ་དང་གནད་དོན་འཚོལ་བ། འཇིགས་སྣང་སྐྱེད་པ། ཁྲིད་ཕྱོགས་འཛུགས་པ་རྒྱུན་འཁྱོངས་བྱེད་པ་དང་། རལ་གྲིའི་ནུས་པ་འདོན་སྤེལ་བྱེད་པ། གོང་འོག་མཉམ་འབྲེལ་དང་བསྣོལ་བསྲེས་རིམ་འདེགས་སོགས་ཀྱི་རེ་བ་ལྟར། སྐོར་ཞིབ་ལྟ་ཞིབ་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བ་དང་། གྲུབ་འབྲས་ཀྱི་བཀོལ་སྤྱོད་བཟང་བོ་བྱེད་པ། གོ་རིམ་རྗེས་མའི་བྱ་བ་བཟང་བོར་བསྒྲུབ་པའི་སྟེང་ཤུགས་བཏོན་ནས། ཞིང་ཆེན་ཡོངས་ཀྱི་སྐོར་ཞིབ་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་པེ་ཅིང་དུ་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་ཁེ་ལས་ལ་འཚམས་འདྲི་བྱས་པའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། རྗེས་མཐུད་བྱ་བར་དོ་སྣང་དང་རྗེས་འདེད་བྱེད་པ་དང་། རིམ་པ་བཞིན་འགན་འཁྲི་གཏན་ཁེལ་བྱེད་པ། བྱ་བའི་གཙོ་གནད་གཙིགས་སུ་འཛིན་པ། གནས་བརྗེ་བསམ་གཞིགས་གཏོང་ཤེས་པར་བྱེད་པ། མཐུན་སྦྱོར་ལ་གཅིག་འདོམས་བྱེད་པ། རིགས་བགར་ནས་སྐུལ་འདེད་གཏོང་བ། བསམ་གཞིགས་མང་པོ་གཏོང་བ་དང་བྱེད་ཐབས་མང་པོ་སྤྱོད་པ། ཐབས་ལམ་མང་པོ་བཙལ་ནས། འཚམས་འདྲིའི་བྱ་བ་བཟང་བོར་བསྒྲུབ་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་བཏོན།
ཚོགས་ཐོག་ནས2023ལོའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འཆར་གཞི་དང་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2023ལོ་ནས2027ལོའི་ཁྲིམས་འཛུགས་འཆར་གཞི། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2023ལོའི་ཁྲིམས་འཛུགས་འཆར་གཞི་ལ་གྲོས་ཞིབ་བྱས་པ་དང་། བྱ་བ་གཞན་པར་ཞིབ་འཇུག་བྱས།
རིན་ཆེན་མཚོས་བསྒྱུར།