ཉེ་ལམ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ། ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་དོན་འཁྱོལ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་དང་། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།
ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པ། ལག་བསྟར་པ་དང་དངོས་གཉེར་པ་བྱེད་པ། བདེན་འཛིན་དངོས་གཉེར་དང་དཀའ་སྤྱད་འབད་འཐབ་བྱེད་པ། གསར་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་བྱ་བ་སྤེལ་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས། སྲིད་གཞུང་གི་རང་ངོས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། ཆབ་སྲིད་འཛུགས་སྐྲུན་ནམ་ཡང་གོ་གནས་དང་པོར་འཇོག་པ། བརྟག་བཤེར་ཞིབ་འཇུག་གི་སྲོལ་བཟང་དར་སྤེལ་གཏོང་བ། རྒྱུན་འཁྱོངས་ལྷོད་མེད་སྒོས་སྤྱོད་བསྲང་སྒྲིག་གཅུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ། ཁྲིམས་ལྟར་སྲིད་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྤྱོད་གཙང་སྲོལ་བཟང་དང་མཐུན་སྒྲིལ་མདུན་སྐྱོད་ཀྱི་རྣམ་པ་བཟང་བོ་གྲུབ་པར་བྱེད་དགོས།
ཚོགས་ཐོག་ནས་མིག་སྔའི་བྱ་བ་གཙོ་བོ་སྤེལ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་ལ་ཤུགས་སྣོན་པ་དང་། གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་འགུལ་སྐྱོད་ཆེན་པོ་དགུ་གཏིང་ཟབ་ཏུ་སྤེལ་ནས། འགོ་ཚུགས་ས་གསར་བའི་སྟེང་བྱ་བ་སྣ་ཚོགས་ཀྱི་འགོ་བཟང་བོ་རྩོམ་པར་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་ལས་འགན་སྣ་ཚོགས་གཙིགས་སུ་འཛིན་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་བྱ་བ་སྣ་ཚོགས་སྔོན་དུ་བསྒྲུབ་པ་དང་དམ་འཛིན་བྱེད་པ། ལས་གཞིའི་དངུལ་གཏོང་དང་བཟོ་ལས་འཁོར་རྒྱུག རིག་གནས་གནས་སྐོར་འཛད་སྤྱོད། སྐྱེ་ཁམས་དཔལ་ཡོན། ཞིང་གསུམ་བྱ་བ། བཅོས་བསྒྱུར་སྒོ་འབྱེད་སོགས་བྱ་བ་གཙོ་བོར་དམ་དུ་དམིགས་པ། ལྟ་ཞིབ་མཛུབ་སྟོན་ལ་ཤུགས་སྣོན་པ། དཀའ་གནད་ཐག་གཅོད་པ། བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ། བྱ་བའི་འགན་འཁྲི་གཏན་ཁེལ་བྱེད་པ། བྱ་བ་གཙོ་བོ་སྣ་ཚོགས་དངོས་གཉེར་ཕན་ལྡན་སྒོས་སྤེལ་བར་ཁག་ཐེག་བྱས་ནས། ཞིང་ཆེན་ཡོངས་ཀྱི་ལོ་ཧྲིལ་བོའི་གཏན་འཇགས་མངོན་འགྱུར་བྱེད་ཆེད་རྨང་གཞི་བརྟན་པོ་འདིངས་དགོས།
ཚོགས་ཐོག་ནས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་སྟེ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་བའི་ཇུས་གཞི། མཚོ་སྔོན་ཞིང་ཆེན་གྱི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི2023ལོ་ནས2025ལོའི་ལོ་གསུམ་འགུལ་སྐྱོད་ཇུས་གཞི་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་། བྱ་བའི་གཅིག་འདོམས་ལ་ཤུགས་སྣོན་པ། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་གནས་སྐོར་དམངས་ཕྱུག་མཉམ་སྤྱོད་མ་ལག་འཛུགས་པ། དཔེ་སྟོན་ཁུལ་མྱུར་དུ་འཛུགས་སྐྲུན་བྱས་ནས། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་དགོས། རྨང་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཐོན་ལས་ཀྱི་སྣེ་ཁྲིད་འབུར་དུ་ཐོན་པར་བྱེད་པ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་པ། གཞི་གྲངས་དཔལ་འབྱོར་གྱི་སྲོག་ཤིང་ཐོན་ལས་ཀྱི་གཞི་ཁྱོན་རྒྱ་སྐྱེད་དེ། གཞི་གྲངས་ཐོན་ལས་ལྗང་བསྒྱུར་ཅན་དང་ཚད་ལྡན་ཅན། འདུ་ཚོགས་ཆེན་དུ་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།
རིན་ཆེན་མཚོས་བསྒྱུར།