ཁོང་ཡུང་ཟི་ལིང་གྲོང་ཁྱེར་དུ་སོང་ནས་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ཐད་ཀྱི་ཆེད་དོན་རྟོག་ཞིབ་སྤེལ།
2023.03.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁོང་ཡུང་ཟི་ལིང་གྲོང་ཁྱེར་དུ་སོང་ནས་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ཐད་ཀྱི་ཆེད་དོན་རྟོག་ཞིབ་བྱ་བ་སྤེལ།

ཁོང་ཡུང་སོགས་སྔ་གཞུག་ཏུ་ཡ་གླིང་སྭེལ་ལས་མཚོ་སྔོན་མ་རྐང་ཚད་ཡོད་ཀུང་ཟི་དང་ཟི་ལིང་ཝང་ཝང་ཟས་རིགས་ཚད་ཡོད་ཀུང་ཟི། མཚོ་སྔོན་པང་ཧྲུན་རྒྱུ་ཆས་གསར་པའི་ཚན་རྩལ་ཚད་ཡོད་ཀུང་ཟི་སོགས་ཞིང་ཆེན་ནང་ཁུལ་གྱི་ཞང་ཀང་དང་ཨོ་མིན། ཐའེ་ཝན་སྤུན་ཟླའི་ཁེ་ལས་སུ་སོང་ནས་རྟོག་ཞིབ་བྱས་པ་དང་། ཁེ་ལས་འཁོར་རྒྱུག་གི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པར་མ་ཟད། ཁེ་ལས་ཀྱི་འགན་ཁུར་མི་སྣ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་དང་བཞུགས་མོལ་བརྗེ་རེས་བྱས།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་སྤེལ་རྒྱུ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཡིན་པས། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། བབ་བསྟུན་མདུན་སྐྱོད་བྱེད་པ། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་དང་། ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ཁྲོད་ཀྱི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། འཕེལ་རྒྱས་ཀྱི་རྗེས་ཤུགས་གསོག་དགོས། ཞབས་ཞུའི་སྟེགས་བུ་རྒྱ་བསྐྱེད་པ་དང་། རང་འགུལ་གྱིས་འཕར་སྣོན་འབྱུང་བར་བྱེད་པ། གནད་དོན་གྱི་གསལ་ཁྲ་གྲུབ་པར་བྱེད་པ། འཕེལ་རྒྱས་ཀྱི་ཐུན་མོང་ལྟ་བ་གཅིག་ཏུ་བསྡུས་ཏེ། རེ་རེ་བཞིན་ལག་བསྟར་ལ་སྐུལ་འདེད་གཏོང་དགོས། ཞང་ཀང་དང་ཨོ་མིན། ཐའེ་ཝན་སྤུན་ཟླའི་ཁེ་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཞང་ཀང་དང་ཨོ་མིན། ཐའེ་ཝན་སྤུན་ཟླའི་ཁེ་ལས་རང་ཞིང་དུ་ཡོང་ནས་དངུལ་གཏོང་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་བའི་བྱ་བ་དེར་དོན་སྙིང་གལ་ཆེན་ལྡན་པས། འབྲེལ་ཡོད་སྡེ་ཁག་དང་ལས་རིགས་མཐུན་ཚོགས་ཀྱིས་འབྲེལ་འདྲིས་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཟམ་ཐག་གི་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ། ཁེ་ལས་ཀྱི་དགོས་མཁོ་ལ་དོ་སྣང་བྱེད་པ། ཁེ་ལས་ཀྱི་མདུན་དུ་ལྷགས་པའི་གནད་དོན་ལ་ཁ་གཏད་དེ་ཆེད་དོན་གྲོས་མོལ་བྱ་འགུལ་རྩ་འཛུགས་བྱེད་པ། མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ། ཞང་ཀང་དང་ཨོ་མིན། ཐའེ་ཝན་སྤུན་ཟླའི་ཁེ་ལས་ལ་ཞབས་འདེགས་བཟང་བོ་ཞུ་བ། ཕྱོགས་སོ་སོའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཞང་ཀང་དང་ཨོ་མིན། ཐའེ་ཝན་སྤུན་ཟླའི་ཁེ་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

རིན་ཆེན་མཚོས་བསྒྱུར།