བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ལྔ་ཅན་གཅིག་གི་བཟོ་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས་པ་དང་། བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ལྔ་ཅན་གཅིག་གི་བཟོ་སྐྲུན་སྐབས་དྲུག་པའི་བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱི་གསར་རྩོམ་ཐོན་སྐྱེད་ཚན་ཁག་གི་འཐུས་མི། རྩོམ་མཁན་གཙོ་བོའི་འཐུས་མི། པེ་ཅིང་གི་རྩོམ་རིག་སྒྱུ་རྩལ་པའི་འཐུས་མི། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོ་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་ཏང་ཨུའི་དྲིལ་སྒྲོག་པུའུ། ཀྲུང་དབྱང་དྲིལ་སྒྲོག་རིག་གནས་སྡེ་ཁག་གི་འགན་འཁུར་བ་སོགས་ཚོགས་འདུར་ཞུགས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་རིག་གནས་འཛུགས་སྐྲུན་གྱི་ལས་འགན་གསར་པ་དང་བླང་བྱ་གསར་པ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་དམིགས་འབེན་དང་དམ་དུ་འབྲེལ་བར་བྱེད་པ། “དགོས་གཉིས”ཀྱི་ཁ་ཕྱོགས་དང“བརྒྱ་གཉིས”ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། རིག་གནས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ།རི ག་གནས་ཀྱི་རང་རྟོགས་བསམ་པ་ཆེ་རུ་གཏོང་བ། གསར་གཏོད་གསར་སྐྲུན་རྒྱུན་འཁྱོངས་བཅས་བྱས་ཏེ། བྱེད་ཐབས་གསར་པ་དང་གྲུབ་འབྲས་གསར་པར་བརྟེན་ནས་རིག་གནས་དང་རིག་རྩལ་གྱི་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གང་ལེགས་གཏོང་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་དངོས་ནས་རྐང་ཚུགས་པར་བྱེད་པ་དང་། དུས་རབས་ཀྱི་བརྗིད་ཉམས་ཆེ་བའི་འཆར་གཞི་འགོད་པ། རིག་རྩལ་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། སེམས་རྣལ་དུ་ཕབ་ནས་རིག་གནས་སྒྱུ་རྩལ་གྱི་རྩེར་སོན་བརྩམས་ཆོས་བསྐྲུན་དགོས། ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ན་གཞོན་རིག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་མཐོང་ཆེན་བྱས་ཏེ། གསར་གཏོད་ཅན་གྱི་ཤེས་ལྡན་མི་སྣ་རྩེ་གྲ་སྔར་ལས་གང་མང་སྐྱེད་སྲིང་བྱེད་རྒྱུ་དང་། སྟོབས་དང་ལྡན་པའི་རིག་རྩལ་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། རིག་རྩལ་ལས་དོན་གྱི་རྩ་འཛུགས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་དང་རིག་རྩལ་གྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་པ། དྲིལ་བསྒྲགས་ཁྲིད་སྟོན་ནུས་པ་སྔར་ལས་ཇེ་ལེགས་སུ་གཏོང་བ། ཁོར་ཡུག་བཟང་པོ་བསྐྲུན་པ་བཅས་བྱས་ནས། རྩ་བ་ཇེ་བརྟན་དུ་གཏོང་བ་དང་གསོ་སྐྱོང་བྱེད་པའི་ཁྲོད་རིག་རྩལ་གསར་རྩོམ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
བན་དེ་སྐྱབས་ཀྱིས་བསྒྱུར།