ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྤྱི་ཚོགས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཡན་ལག་ཏང་ཙུའུ་ཡི་གྲོས་ཚོགས་དང་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐེན་ཁུའེ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ཚོགས་ཐོག་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་ཀྱི་དགོངས་དོན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། སྤྱི་ཚོགས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གསུམ་ལོའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས་ལ། ཨུ་ཡོན་ཁ་ཤས་ཀྱིས་འགན་སྒྲུབ་བྱེད་པར་དམིགས་ནས་བརྗེ་རེས་གཏམ་བཤད་བྱས།
ཐེན་ཁུའེ་ཡིས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་བརྩམས་པའི་ལོ་ཡིན་ལ། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་འགན་སྒྲུབ་བྱེད་འགོ་བརྩམས་པའི་ལོ་ཡང་ཡིན་པ་དང་། ད་ལོའི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པར་དོན་སྙིང་ཆེན་པོ་ལྡན། ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་པའི་སྟེང་ཤུགས་འདོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་རྒྱུན་མཐུད་ངང་སློབ་སྦྱོང་དང་ལག་བསྟར་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ། ཞིང་ཆེན་ཏང་གི་འཐུས་མིའི་གྲོས་ཚོགས་ཐེངས་བཅུ་བཞི་པའི་དགོངས་དོན་དང་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་ཟུང་འབྲེལ་བྱས་ནས། གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་དེ་བྱ་བ་སྣ་ཚོགས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་བསྒྱུར་དགོས། ཏང་གི་སྤྱོད་ཚུལ་རྒྱུན་མཐུད་ངང་འཛུགས་སྐྲུན་བྱེད་པའི་སྟེང་ཤུགས་འདོན་པ་དང་། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པའི་འགན་འཁྲི་ལག་བསྟར་བྱེད་པ། སྒྲིག་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་དང་ལག་བསྟར་གྱི་སྒྲིག་སྲོལ་ཞིབ་ཕྲའི་དགོངས་དོན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱེད་ཐབས་འགའ་ལག་བསྟར་ནན་མོ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་བཅོས་སྐྱོང་བྱེད་པ་སོགས་ཀྱི་རེ་བ་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ལྟ་ཞིབ་དང་ཨུ་ཡོན་ལ་ཞབས་འདེགས་ཞུ་བ་དང་འབྲེལ་འདྲིས་བྱེད་པ་སོགས་ཀྱི་གོ་རིམ་ཧྲིལ་བོ་ཁྲོད་དངོས་འབེབས་བྱས་ཏེ། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་བསྐྲུན་དགོས། གྲོས་མོལ་སྲིད་གླིང་གི་ལས་འགན་གཙོ་བོ་དམ་འཛིན་བྱེད་པའི་སྟེང་ཤུགས་འདོན་པ་དང་། སྤྱི་ཚོགས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་འགན་ཁུར་ནས་བསྒྲུབས་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཟླ་ཟུང་གྲོས་མོལ་བཞུགས་མོལ་ཚོགས་འདུ་སོགས་ཀྱི་བྱ་བའི་ལས་འགན་སྣ་ཚོགས་ལག་བསྟར་ནན་མོ་བྱས་ནས། སྤུས་ཚད་མཐོ་བའི་གྲོས་གཞི་ཡིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས།
རིན་ཆེན་མཚོས་བསྒྱུར།