ཞི་ཅིན་ཕིང་གིས་པ་ཞི་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་གློག་འཕྲིན་བཏང་ནས་འཚམས་འདྲི་ཞུས།
2023.03.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 66

ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ཞི་རྒྱལ་ཁབ་ཀྱི་ཙུང་ཐུང་ལུའུ་ལྭར་གློག་འཕྲིན་བཏང་ནས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་ཙུང་ཐུང་ལུའུ་ལཱ་ལ་ཆམ་རིམས་དང་གློ་ཚད་བྱུང་ནས། ཀྲུང་གོར་འཚམས་འདྲི་བྱེད་རྩིས་ཡོད་པའི་ལས་དོན་འགོར་འགྱངས་མི་བྱེད་ཀ་མེད་བྱུང་བའི་དབང་གིས། ངས་ཙུང་ཐུང་ཁྱེད་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས་པ་ཡིན། ཙུང་ཐུང་ཁྱེད་རང་མགྱོགས་མྱུར་ངང་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུས་པ་ཡིན་ལ། ཁྱེད་ཉིད་ཕྱོགས་གཉིས་ཀ་སྟབས་བདེ་དུས་ཤིག་ལ་གང་མགྱོགས་ངང་ཀྲུང་གོར་འཚམས་འདྲི་རུ་ཕེབས་པར་དགའ་བསུ་ཞུས་པ་ཡིན་ཞེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།