མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སྙན་ཞུ་གྲོས་ཚོགས་བསྡུས།
2023.03.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་སྙན་ཞུ་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་སྲིད་གྲོས་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཧྭ་ཕིང་གདན་ཞུ་བྱས་ནས་སྙན་ཞུ་ཕུལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ནས་ཡོང་བའི་ཏང་རྩ་འཛུགས་དང་བཟོ་ཚོགས་རྩ་འཛུགས། གུང་གཞོན་ཚོགས་པའི་རྩ་འཛུགས། བུད་མེད་རྩ་འཛུགས་བཅས་ཀྱི་འགན་ཁུར་མི་སྣ་སུམ་བརྒྱ་ལྷག་གྲོས་ཚོགས་ལ་ཞུགས།

སྙན་ཞུའི་གྲོས་ཚོགས་སྟེང་། ཝང་ཧྭ་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་དམ་དུ་དམིགས་པ་དང་། ཀྲུང་ཧྭ་མི་རིགས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དོན་སྙིང་གལ་ཆེན་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཕྱོགས་ནས་མཚོ་སྔོན་མདུན་གྲས་སུ་བསྐྱོད་པ་སོགས་ཕྱོགས་གསུམ་ཐད་ནས་འགྲེལ་བཤད་ཆ་ཚང་བྱས་པ་དང་། གནའ་དེང་ཀྲུང་ཕྱི་ཡི་ཟུར་ངོས་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་འབྱུང་རྐྱེན་དང་དོན་སྙིང་གལ་ཆེན། མཚོ་སྔོན་གྱི་ལག་ལེན་གནད་དོན་ཐད་ནས་འགྲེལ་བཤད་གསལ་བོ་བྱས།

ཚོགས་ཞུགས་མི་སྣས། ཐེངས་འདིའི་སྙན་ཞུ་གྲོས་ཚོགས་ཀྱི་བརྗོད་དོན་མངོན་གསལ་ཡིན་ཞིང་གོ་དོན་ཕུན་སུམ་ཚོགས་པ་དང་། གཞུང་ལུགས་ཀྱི་མཐོ་ཚད་ཡོད་ལ་ལག་ལེན་གྱི་གཏིང་ཚད་ཀྱང་ཡོད་པས། ཚང་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལ་གོ་བ་ཡང་དག་ལེན་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཕྱོགས་ཡོངས་ནས་ལག་བསྟར་ཟབ་མོ་བྱེད་པ་བཅས་ཀྱི་ཐད་མཛུབ་སྟོན་གྱི་དོན་སྙིང་དང་སྐུལ་འདེད་ཀྱི་ནུས་པ་ལྡན་ཟེར།

རིན་ཆེན་མཚོས་བསྒྱུར།