ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན། ཞིང་ཆེན་དམངས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་དུ་ཁ་གཏད་སྡེ་ཁག་གི་བྱ་བའི་འབྲེལ་གཏུག་གྲོས་ཚོགས་བསྡུས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་། བྱ་བར་སྤྱི་སྡོམ་བརྗེ་རེས་བྱས་ལ། ཉིས་སྟོང་ཉེར་གསུམ་ལོའི་ལས་འགན་མཐུན་སྦྱོར་བཀོད་སྒྲིག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏི་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།
ལིའུ་ཐུང་ཏི་ཡིས་འདས་པའི་ལོ་ལྔའི་རིང་གི་ཞིང་ཆེན་དམངས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་དང་ཁ་གཏད་འབྲེལ་གཏུག་སྡེ་ཁག་གི་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། ཞིང་ཆེན་ཏང་ཨུའི་སྟོབས་ལྡན་མགོ་ཁྲིད་འོག་ཏུ། ཐོག་མཐའ་བར་གསུམ་དུ་རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་འཛིན་པ་དང་། ཆབ་སྲིད་རང་རྟོགས་མཐོར་འདེགས་དང་། རི་ཆུ་ནགས་ཞིང་དང་མཚེའུ་དང་རྩྭ་ཐང་བྱེ་དར་གཞི་གཅིག་ཅན་སྲུང་སྐྱོབ་ཉམས་གསོ་དང་བཅོས་སྐྱོང་མ་ལག་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་ཐོན་སྐྱེད་ནུས་པ་ཇེ་ཆེར་གཏོང་བ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་བཅོས་སྐྱོང་ཕན་ནུས་ཇེ་ཆེར་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ། མ་ལག་སྲུང་སྐྱོབ་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་དུ་བསྐྱོད་དགོས། ཏང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་པར་ཤུགས་སྣོན་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་དམ་དུ་དམིགས་ནས། དུས་རབས་གསར་པར་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོབ་བྱེད་པའི་ལས་འགན་གསར་པ་དང་དམིགས་འབེན་གསར་པར་དམ་དུ་སྦྲེལ་ནས། ཁོར་ཡུག་ཐོན་ཁུངས་སྲུང་སྐྱོབ་ཁྲིམས་སྲོལ་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་ལྟ་ཞིབ་བྱ་བ་ནན་ཏན་སྒོས་སྤེལ་བ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་ཟབ་མོ་བྱེད་པ་བཅས་བྱས་ནས། སྐྱེ་ཁམས་མཛའ་མཐུན་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་རོགས་འདེགས་མཐའ་འཁྱོལ་བྱེད་དགོས། བསམ་བློ་གཅིག་གྱུར་དང་འདུ་ཤེས་གཅིག་སྡུད་བྱས་ཏེ། ཁྲིམས་བསྟར་འགན་སྒྲུབ་དང་མཉམ་ལས་ཤུགས་སྒྲིལ་བྱས་ནས། ཁྲིམས་སྐྱོང་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། མཐུན་སྦྱོར་གཞོགས་འདེགས་རྐྱེན་སྲོལ་ཇེ་ཟབ་ཏུ་གཏོང་བ། སྤྱིའི་ཕན་ནུས་མཐོ་རུ་གཏོང་བ་བཅས་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དེ་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོབ་ཁྱབ་ཁོངས་ནས་དངོས་འབེབས་ཡོང་བར་མཉམ་དུ་ཤུགས་འདོན་པ་དང་སྐུལ་འདེད་བཏང་ནས། རྒྱལ་ཡོངས་དང་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མྱུར་དུ་འཛུགས་པར་སྟོབས་ཤུགས་འབུལ་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།