ཝང་ཧུའུ་ཉིང་གིས་རྒྱལ་ཡོངས་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་དང་སློབ་སྦྱོང་བགྲོ་གླེང་འཛིན་གྲྭའི་སྟེང་གསུང་བཤད་གནང་།
2023.03.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 187

སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་དང་སློབ་སྦྱོང་བགྲོ་གླེང་འཛིན་གྲྭ་ཚེས་ཉེར་བརྒྱད་ཉིན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་བྱས་ཏེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་སྒྲུབ་པ་བཅས་བྱས་ཏེ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཆུ་ཚད་དངོས་སུ་མཐོར་འདེགས་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་ལེགས་པར་བཏོན་ནས། ཆབ་སྲིད་ཀྱི་འགན་ཁུར་མཐོན་པོས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་དང་ལས་འགན་ཁུར་དུ་ལེན་དགོས་ཞེས་ཞེས་བསྟན།

ཟླ3པའི་ཚེས28ཉིན། སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་དང་སློབ་སྦྱོང་བགྲོ་གླེང་འཛིན་གྲྭ་ པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཝང་ཧུའུ་ཉིང་གིས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དམ་དུ་འཛིན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བྱེད་པ་དང་གོ་བ་ཟབ་མོ་ལེན་པ། ལག་བསྟར་དོན་འཁྱོལ་བྱེད་པ་བཅས་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་ལས་འགན་དང་པོར་བརྩིས་ཏེ། དགོངས་པ་གལ་ཆེན་འདིའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ། ད་དུང་དེའི་ཁྲོད་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ལ་གསལ་ཆ་ཡོད་པ་དང་ཁོང་དུ་ཆུད་པར་བྱས་ཏེ། མི་དམངས་སྲིད་གྲོས་བྱ་བའི་བརྒྱུད་རིམ་ཡོངས་དང་ཕྱོགས་སོ་སོ་རུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེ་དདགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་མྱུར་དུ་འཛུགས་སྐྲུན་བྱེད་པའི་ཐད་དུ། རང་གི་ལེགས་ཆ་དང་ཆེ་ཕྱོགས་ཀྱི་དགོས་མཁོ་གཉིས་ཟུང་སྦྲེལ་གྱིས་གྲོས་མོལ་སྲིད་གླེང་བྱ་འགུལ་ཟབ་མོར་སྤེལ་ནས། གྲོས་མོལ་གྱི་སྤུས་ཚད་ཧུར་ཐག་གིས་མཐོར་འདེགས་སུ་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་གི་གོམས་སྲོལ་དར་སྤེལ་ཆེན་པོ་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གཙིགས་སུ་འཛིན་པ་དང་། བརྟག་དཔྱད་ཞིབ་འཇུག་ལ་འབད་པ། བརྟག་དཔྱད་ཞིབ་འཇུག་ལ་མཁས་པ་བཅས་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱེད་པའི་ཁྲོད་དུ་འགན་སྒྲུབ་ཀྱི་ནུས་པ་ཇེ་ཆེར་གཏོང་དགོས། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས་བྱས་ཏེ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་ཐུན་མོང་གི་ལྟ་བ་རྒྱ་ཆེར་གཅིག་སྡུད་བྱེད་པའི་བྱ་བ་ཏན་ཏིག་གིས་བཟང་བོར་སྒྲུབ་སྟེ། མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་བསམ་བློའི་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཞེས་བསྟན།

ཝང་ཧུའུ་ཉིང་གིས་ཏང་གི་འགོ་ཁྲིད་གཡོ་འགུལ་སྤུ་ཙམ་ཡང་མེད་པར་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་འཛུགས་ལ་བརྟེན་ནས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཏང་གི་འཛུགས་སྐྲུན་སྣ་ཚོགས་ལ་གཅིག་འདོམས་བྱེད་དགོས། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་ལག་བསྟར་བྱས་ཏེ། རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་བྱས་ནས། སྤྱོད་བཟང་སྒྲིག་ནན་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། ཏང་ཡོན་དང་ཨུ་ཡོན་གྱི་གདོང་མཆོང་དཔེ་སྟོན་ནུས་པ་བཏོན་ནས། མཉམ་ལས་མཉམ་སྒྲུབ་ཀྱི་མིག་དཔེ་དང་། འབད་བརྩོན་ཆེན་པོས་དམངས་གཙོ་དར་སྤལེ་གྱི་མིག་དཔེ། བདེན་འཚོལ་དངོས་གཉེར་གྱི་མིག་དཔེ། མང་ཚོགས་ལ་འབྲེལ་འདྲིས་ཀྱི་མིག་དཔེ། སྤྱོད་གཙང་བཀའ་བརྩི་ཡི་མིག་དཔེ་བཅས་བྱེད་དགོས་ཞེས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥིན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་གཉིས་ཀྱིས་སོ་སོར་སྔ་དྲོ་དང་ཕྱི་དྲོའི་ཚང་འཛོམས་གྲོས་ཚོགས་ལ་འགོ་འཛིན་བྱས། ཧྲི་ཐའེ་ཧྥིན་གྱིས་སྤྱི་སྡོམ་གཏམ་བཤད་སྤེལ།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲིན་ཡུའེ་ཡུའེ་དང་། ཝང་ཡུང་། ཀྲིག་ཆང་། པ་ཐིར། སུའུ་ཧོས། ཧྲའོ་ཧུང་། ཀའོ་ཡུན་ལུང་། ཁྲིན་ཝུའུ། མུའུ་ཧུང་། ཞན་ཧོས། ཝང་ཏུང་ཧྥིན། ཅང་ཙོ་ཅུན། ཧི་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲིན་བཅས་གྲོས་ཚོགས་ལ་ཞུགས།