མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་དང2022ལོའི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྤྱི་ཁོག་གི་གནས་ཚུལ་དང་ལྷག་པར་དུ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱས་པའི་གནས་ཚུལ་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་ལ། ལས་འགན་གྱི་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། འབྲེལ་ཡོད་ལག་བསྟར་ཇུས་གཞི་ལ་ཞིབ་འཇུག་བྱས་ཤིང2023ལོའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཐད་ནས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་ཡུན་རིང་བྱས་རྗེས་འཇོག་དགོས་པ་དང་། ད་ཡོད་ཀྱི་རྨང་གཞིའི་སྟེང་བསམ་ཕྱོགས་སྔར་ལས་ཇེ་གསལ་དུ་གཏོང་བ། བྱེད་ཐབས་སྔར་ལས་གཏན་ཁེལ་ཡང་དག་བྱེད་པ། ལོ་རེར་དོན་ཆེན་འགའ་དམ་འཛིན་བྱས་ནས། ལོ་རེ་ནས་ལོ་རེར་སྐུལ་འདེད་གཏོང་དགོས། མུ་རིའི་བཅོས་སྐྱོང་ཐད་ནས་མཇུག་བཟང་བོ་བསྡུ་བར་ཁག་ཐེག་བྱེད་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ། བཅོས་སྐྱོང་ལས་འགན་ལ་དམ་དུ་དམིགས་པ། བཅོས་སྐྱོང་བྱ་བ་རིམ་པ་བཞིན་བསྲུབ་འཐེན་བྱས་ཏེ། སྤུས་ཚད་མཐོ་བའི་རྒྱུགས་ལན་སྤྲོད་པར་ཁག་ཐེག་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་ཤུགས་འདོན་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་དོ་དམ་བཟང་བོ་བྱེད་པ། རྒྱལ་ཁབ་སྤྱི་གླིང་གཞན་པའི་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། གནས་སྐོར་དུས་ཚོད་གལ་ཆེན་བསུ་བ་སོགས་ཀྱི་ཞབས་ཞུ་འགན་སྲུང་བྱ་བར་འབྲེལ་མཐུད་བྱེད་པ། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་རུ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་ནས་མདུན་གྲས་སུ་བསྐྱོད་དགོས། མཁར་གྲོང་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་བྱེད་པ་དམ་འཛིན་བྱེད་པ་དང་། ཞིང་སྡེ་འབྲོག་ཁུལ་གྱི་ཁོངས་ཡོངས་ཀྱི་གད་སྙིགས་མེད་པའི་ཚོད་ལྟ་དང་གད་སྙིགས་མེད་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་བྱེད་ཐབས་སུ་བྱེད་པ། གྲོང་སྡེའི་གཙང་སྦྲ་དང་གད་སྙིགས་རིགས་བགར་ཐད་མུ་མཐུད་དུ་ཤུགས་བསྣན་ནས། ཞིང་སྡེ་འབྲོག་ཁུལ་གྱི་གད་སྙིགས་གནོད་མེད་ཅན་གྱི་ཐག་གཅོད་བྱ་བ་བཟང་བོར་བསྒྲུབ་དགོས། སྟོབས་ཤུགས་ཡོད་རྒུས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་། ཚད་གཞི་མཐོ་བའི་སྒོ་ནས2022ལོའི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཉེན་བརྡའི་གློག་བརྙན་ལས་ཡར་ཞུ་བྱས་པའི་གནད་དོན་དག་ཐེར་ལེགས་བཅོས་ཡོངས་འགྲུབ་བྱས་ཏེ། ཆུའི་ཁོར་ཡུག་ཁུལ་ཁོངས་བཅོས་སྐྱོང་སྒྲིག་གཞི་རྐྱེན་སྲོལ་ཐད་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་ཐད་ཀྱི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ་དང་། རང་ཞིང་གི་ལོ་ལྔའི་ཁྲིམས་འཛུགས་འཆར་འགོད་དང་ད་ལོའི་ཁྲིམས་འཛུགས་འཆར་གཞི་ལག་བསྟར་བཟང་བོ་བྱས་ནས། རི་ཆུའི་ནགས་ཞིང་དང་མཚེའུ། རྩྭ་ཐང་། བྱེ་དར་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་གི་ཁྲིམས་སྐྱོང་དྲ་རྒྱ་བཟང་བོ་འཛུགས་དགོས། ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་སྤེལ་བ་དང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་སྐྱེ་ཁམས་སྲུང་སྐྱོབ་འགན་འཁྲི་རེ་རེ་བཞིན་གཏན་ཁེལ་བྱས་ནས། ཏང་སྲིད་འགན་གཅིག་དང་ལས་གཅིག་འགན་གཉིས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲིའི་གསལ་ཕྲ་ལག་བསྟར་བྱེད་པ་དམ་འཛིན་བྱེད་དགོས། ཆུ་དཔོན་དང་མཚོ་དཔོན། ནགས་དཔོན་དང་རྩྭ་དཔོན་གྱི་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ། ཙོང་ཆུའི་བཞུར་རྒྱུད་ཀྱི་བཙོག་ཆུ་བཅོས་སྐྱོང་གནད་དོན་ལ་ཞིབ་འཇུག་བྱས་ཏེ། དཔོན་པོ་གཉིས་ཀྱི་ལམ་ལུགས་འགན་འཁྲི་ལག་བསྟར་བྱེད་པའི་སྒྲིག་གཞི་རྐྱེན་སྲོལ་ལ་ཞིབ་འཇུག་གཏིང་ཟབ་བྱེད་དགོས། མུ་མཐུད་དུ་གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་བསྒྱུར་སྤེལ་བ་དང་། རྨ་ཆུའི་བཞུར་རྒྱུད་དང་ཙོང་ཆུའི་འགྲམ་རྒྱུད་སོགས་ཁུལ་ཁོངས་གཙོ་བོའི་ལྗང་བསྒྱུར་རྒྱ་སྐྱེད་འགུལ་སྐྱོད་སྤེལ་ནས། ཆུ་དྭངས་རི་ལྗང་གི་རང་མདངས་མངོན་པར་བྱེད་དགོས། ཚད་གཞི་མཐོ་བའི་སྒོ་ནས་ཐཱན་རྩེར་སོན་བྱ་བ་སྤེལ་བ་དང་། ཐཱན་རྩེར་སོན་གྱི་འགུལ་སྐྱོད་ཆེན་པོ་བཅུ་བརྟན་བརླིང་ངང་སྤེལ་བ། ཁུལ་ཁོངས་གཙོ་བོའི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཇེ་དམའ་རུ་གཏོང་བའི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བ། ཐཱན་མེད་ཐོན་ལས་ར་བའི་ཁུལ་འཛུགས་སྐྲུན་བྱས་ནས། རྒྱལ་ཁབ་ཀྱི་ཐཱན་ཉོ་ཚོང་སོགས་ཀྱི་འབྲེལ་ཡོད་རྒྱུ་རྐྱེན་གཙོ་བོའི་ཚོང་རའི་ཁྲོད་ཟབ་ཞུགས་བྱེད་དགོས། སྐྱེ་ཁམས་རིག་མཛོད་འཛུགས་སྐྲུན་བྱེད་པ་དང་། མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ལ་རྐང་འཛུགས་པ། རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔྱད་གཞི་གཙོ་བོར་ཞིབ་འཇུག་བྱེད་པ། རིག་གཞུང་གི་མདུན་ཕྱོགས་དང་ལག་ལེན་ཡུལ་དངོས་ལ་དམ་དུ་དམིགས་ཏེ། མངག་ཐོ་རྣམ་པའི་ཇུས་ཆོད་བློ་འདྲི་ཞུབས་ཞུ་སྤེལ་དགོས། ཏང་ཡོན་ལས་བྱེད་པས་ཏང་ཀྲུང་དབྱང་གི་རྟོག་ཞིབ་ཞིབ་འཇུག་སྤེལ་བའི་བཀོད་སྒྲིག་ལྟར། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ཞིབ་འཇུག་དང་དབྱེ་ཞིབ་བྱེད་པ་དང་། གནད་དོན་ཐག་གཅོད་པའི་ནུས་པ་མཐོར་འདེགས་གཏོང་དགོས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། རྒྱལ་དོན་གལ་ཆེན་ནམ་ཡང་ཡིད་ལ་དམ་པོར་འཛིན་པ་དང་། རྒྱུན་མཐུད་ངང་ཤུགས་སྣོན་པ་དང་མཉམ་དུ་མཁྲེགས་གཏོར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས། ལངས་གནས་སྔར་ལས་མཐོན་པོས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་རྒྱུ་དེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་གཙོ་བོར་བརྩི་བ། མཛེས་སྡུག་ཀྲུང་གོའི་འགྲེམ་སྟོན་སྒེའུ་ཁུང་གལ་ཆེན་དུ་བརྩི་བ། གོང་རིམ་ཇུས་འགོད་དང་འགན་ནུས་ཆ་སྡེབས་ལེགས་བསྒྱུར་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་སྲུང་སྐྱོབ་བེད་སྤྱོད་བྱས་ནས། སྐྱེ་ཁམས་རིག་གནས་བརྗེ་རེས་ལ་ཤུགས་སྣོན་དགོས། སྟོབས་ཤུགས་སྔར་ལས་ཆེན་པོས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ཐང་། བྱེ་དར་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ། ནགས་ལས་འཕྲོད་སར་ནགས་ལས་དང་ཕྱུགས་ལས་འཕྲོད་སར་ཕྱུགས་ལས། བརླན་ས་འཕྲོད་སར་བརླན་ས་རྒྱུན་འཁྱོངས་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་བྱེད་ཐབས་ལག་བསྟར་བྱས་ནས། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་གཏན་འཇགས་རང་བཞིན། རྒྱུན་མཐུད་རང་བཞིན་མཐོར་འདེགས་གཏོང་དགོས། བྱེད་ཐབས་སྔར་ལས་བཟང་བོས་འཕེལ་རྒྱས་རྣམ་པ་ལྗང་མདོག་ཚུལ་བསྒྱུར་བྱེད་པ་དང་། ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་པ། ལྗང་མདོག་ཐཱན་ཉུང་དང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ལྗང་མདོག་ཚུལ་བསྒྱུར་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་གྱི་ཕན་འབྲས་དང་དང་སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་མཉམ་དུ་མཐོར་འདེགས་གཏོང་དགོས། རིམ་པ་སྔར་ལས་ཟབ་བའི་སྒོ་ནས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་གསར་གཏོད་བྱེད་པ་དང་། སྙིང་སྟོབས་ཆེན་པོས་འཚོལ་ཞིབ་བྱེད་པ་དང་གནད་དོན་ཐག་གཅོད་པ། ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་སྐོར་ཞིག་གྲུབ་པར་བྱས་ནས། སེམས་ཤུགས་གཅིག་བསྒྲིལ་གྱིས་རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ནས་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ཏུ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱས་པའི་གནས་ཚུལ་དང2023ལོའི་བྱ་བའི་གཙོ་གནད་ཁྱབ་བསྒྲགས་བྱས་པ་དང་། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་གནས་ཚུལ་དང2023ལོའི་བྱ་བའི་གཙོ་གནད་ཁྱབ་བསྒྲགས་བྱས་ལ། སྐྱེ་ཁམས་དཔལ་ཡོན་ལམ་ལུགསགསར་གཏོད་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་སྐོར་གྱི་ལག་བསྟར་ཇུས་གཞི་ལ་གྲོས་ཞིབ་བྱས་པ་དང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་བརྗེ་རེས་གཏམ་བཤད་བྱས།
ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལོས་ཀང་དང་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི་ཕིན་ཡིའུ་ཏུང་གྲོས་ཚོགས་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།