ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱིས་བློ་མཐུན་ཀྲུའུ་ཀྲི་གོ་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་བའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།
2023.03.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཉེ་ལམ། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱིས་བློ་མཐུན་ཀྲུའུ་ཀྲི་གོ་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་བའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། སྔོན་ཐོན་དཔེ་ལེགས་ཅན་གྱི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་གི་མིག་དཔེ་རུ་འཛིན་པ་དང་སྟོབས་ཤུགས་གཅིག་སྡུད་བྱེད་པ། ཁག་ཁུར་དངོས་སྒྲུབ་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོའི་ནང་བསྟན་དོན། བློ་མཐུན་ཀྲུའུ་ཀྲི་གོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་སློབ་གསོ་བཏང་ཞིང་སྐྱེད་སྲིང་བྱས་པ་དང་འཚར་ལོངས་བྱུང་བའི་ཕུལ་བྱུང་ཏང་ཡོན་ལས་བྱེད་པ་ཞིག་ཡིན་ལ། དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ལེན་བྱས་པའི་ཕུལ་བྱུང་འཐུས་མི་ཡིན་པ་དང་།དེང་རབས་ཅན་གྱི་མཚོ་སྔོན་གསར་བ་ལག་ལེན་བྱེད་པའི་ཁྲོད་དུ་བྱུང་བའི་སྔོན་ཐོན་དཔེ་ལེགས་ཅན་ཞིག་ཡིན་པར་མ་ཟད་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་མིག་དཔེར་ལྟ་ས་ཡང་ཡིན། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཀྲུའུ་ཀྲི་གོ་ཡི་བླ་མེད་སྙིང་སྟོབས་དར་སྤེལ་བཟང་བོ་བྱེད་པ་དང་། ཁོའི་ཆོད་སེམས་བརྟན་ཞིང་ཏང་ལ་བློ་དཀར་བའི་ཆབ་སྲིད་གཤིས་སྤྱོད་ལ་སློབ་སྦྱོང་བྱེད་དགོས། ཁོས་དཀའ་སྤྱད་སྒོས་བྱ་བ་བསྒྲུབས་པ་དང་སྒེར་སེམས་མེད་པར་བྱས་རྗེས་བཞག་པའི་བྱ་བའི་སྤྱོད་བཟང་ལ་སློབ་སྦྱོང་བྱེད་དགོས། ཁོ་རང་ལས་གནས་ལ་དགའ་ཞིང་ལས་ཀར་བརྩོན་ལེན་བྱེད་པ་དང་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་སྤྱི་ཞབས་པའི་བརྩེ་སེམས་ལ་སློབ་སྦྱོང་བྱེད་དགོས། ཁོའི་གཞུང་དྲང་སྤྱོད་གཙང་དང་རང་གཅུན་ནན་མོ་བྱེད་པའི་བླ་མེད་སྤྱོད་ཚུལ་ལ་སློབ་སྦྱོང་བྱེད་དགོས།

                                                                                                           བཀྲ་ཤིས་འབུམ་གྱིས་བསྒྱུར།