མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་བར་སྟོང་འཆར་འགོད་སྒྲིག་བཟོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་དང་གྲོང་ཁྱེར་དང་ཁུལ། རྫོང་རིམ་པའི་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་སྒྲིག་བཟོ་ཡར་ཞུ་མཆན་འགོད་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་བརྙན་རིས་ཀྱི་ལམ་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁོངས་བར་སྟོང་འཆར་འགོད་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པ། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་མ་ལག་བསམ་བློ་ཇེ་དྲག་ཏུ་གཏོང་བ། ཚད་གཞི་སྔར་ལས་མཐོན་པོ་རྒྱུན་འཁྱོངས་བྱེད་པ། གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ། སྤུས་ཚད་མཐོ་བའི་ངང་རྒྱལ་ཁོངས་བར་སྟོང་གི་འཆར་གཞི་བཟང་བོ་བཀོད་དེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་རྒྱལ་ཁོངས་བར་སྟོང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། རྒྱལ་ཁོངས་བར་སྟོང་འཆར་འགོད་སྒྲིག་བཟོ་བཟང་བོ་བྱེད་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ནང་ཁོག་གི་རེ་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་མངོན་སུམ་གྱི་དགོས་མཁོ་ཡིན་པས། ཆབ་སྲིད་ལས་གནས་མཐོར་འདེགས་སུ་བཏང་ནས་ལག་བསྟར་དམ་འཛིན་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་དང་ཆ་ཚང་བྱེད་པ། ཚད་མཐའི་བསམ་བློ་དང་ཉེན་ཁའི་འདུ་ཤེས་བརྟན་པོ་འཛུགས་པ། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གཞི་རྩའི་རྒྱལ་ཇུས་དེ་སྒྲིག་བཟོ་བྱ་བའི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱས་ནས། རྨོ་ཞིང་གི་དམར་མཚམས་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་མཚམས། རྒྱལ་ཁོངས་བདེ་འཇགས་ཀྱི་ཚད་མཐའ་བཅས་བརྟན་སྲུང་བྱེད་དགོས། མ་ལག་བསམ་བློ་ཇེ་དྲག་ཏུ་བཏང་སྟེ་ལག་བསྟར་དམ་འཛིན་བྱེད་པ་དང་། ཐོན་སྐྱེད་དང་འཚོ་བ། སྐྱེ་ཁམས་བཅས་ཀྱི་འབྲེལ་བ་ཐག་གཅོད་བྱེད་པ། འདས་སོང་དང་ད་ལྟ། མ་འོངས་པའི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ། སྔར་ཡོད་ཀྱི་འཆར་འགོད་དང་བར་བརྒལ་དུས་སྐབས་ཀྱི་འཆར་འགོད། རྒྱལ་ཁོངས་བར་སྟོང་གི་འཆར་འགོད་བཅས་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ། སྲོལ་མང་གཅིག་བསྡུས་མྱུར་དུ་མངོན་འགྱུར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་བར་སྟོང་གསར་སྤེལ་སྲུང་སྐྱོབ་ཐད་ཀྱི་འཆར་འགོད་འཐུས་ཚང་དུ་གཏོང་དགོས། གནས་ཐིག་གཏན་ཁེལ་མཐོན་པོ་བྱས་ནས་ལག་བསྟར་དམ་འཛིན་བྱེད་པ་དང་། འགན་ནན་མོ་ཁུར་བ་དང་གཟབ་ནན་ཞིབ་ཕྲའི་རྣམ་འགྱུར་ལ་བརྟེན་ནས། འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། ཁུལ་ཁོངས་ཀྱི་ཁྱད་ཆོས་མངོན་པར་བྱེད་པ། སྤུས་ཚད་ཀྱི་འགག་སྒོ་བརྟན་སྲུང་བྱེད་པ། ཚད་ཡོད་གསར་སྤེལ་བར་སྟོང་གི་བེད་སྤྱོད་ལས་ཆོད་མཐོར་འདེགས་སུ་བཏང་ནས། ཁྱབ་ཁོངས་སྔར་ལས་ཆེ་བ་དང་ཆུ་ཚད་སྔར་ལས་མཐོ་བའི་རྒྱལ་ཁོངས་སྲུང་སྐྱོབ་མངོན་འགྱུར་བྱེད་དགོས། གཅིག་འདོམས་མཉམ་ལས་ལ་ཤུགས་བསྣན་ནས་ལག་བསྟར་དམ་འཛིན་བྱེད་པ་དང་། སྤྱིའི་འཆར་འགོད་སྒྲིག་བཟོ་དང་ཡར་ཞུ་མཆན་འགོད་ལ་སྐུལ་འདེད་གཏོང་བའི་ཞོར་དུ། ཆེད་དོན་འཆར་འགོད་སྒྲིག་བཟོ་དང་བཟོ་བཅོས་ལ་སྐུལ་འདེད་བཏང་སྟེ། དགོས་མཁོ་ལྟར་གོ་རིམ་ལྡན་པའི་སྒོ་ནས་ཡུལ་ཚོ་དང་གྲོང་རྡལ་གྱི་སྤྱིའི་འཆར་འགོད་དང་ཞིང་སྡེའི་འཆར་འགོད་སྒྲིག་བཟོ་བྱས་ནས། ཞིབ་ཕྲའི་འཆར་འགོད་སྒྲིག་བཟོ་དང་ཡར་ཞུ་མཆན་འགོད་ཐད་ཀྱི་བྱ་བ་སྣ་ཚོགས་མྱུར་དུ་སྤེལ་དགོས།
ཝུའུ་ཞའོ་ཅུན་གྱིས་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་རང་འགན་ཕྲག་ཏུ་ལེན་པ་དང་འགན་ནུས་བཟང་བོར་བསྒྲུབ་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ། ལག་རྩལ་གྱི་འདེགས་སྐྱོར་ལ་ཤུགས་སྣོན་པ། ལྟ་ཞིབ་དང་ཕན་འབྲས་ལེན་པར་ཤུགས་སྣོན་པ། སྟོབས་ཤུགས་ཡོད་རྒུས་འཆར་འགོད་སྒྲིག་བཟོ་བྱ་བ་དམ་འཛིན་བྱས་ནས། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་བར་སྟོང་འཆར་འགོད་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།
ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་རིམ་པའི་རྒྱལ་ཁོངས་བར་སྟོང་གི་སྤྱིའི་འཆར་འགོད་སྒྲིག་བཟོ་མཆན་འགོད་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ནུབ་ཁུལ། མགོ་ལོག་ཁུལ་བཅས་ཀྱིས་ཡར་ཞུ་གཏམ་བཤད་བྱས།
རིན་ཆེན་མཚོས་བསྒྱུར།