ཞིང་ཆེན་ཐད་གཏོགས་ལས་ཁུངས་ཏང་གི་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས།
2023.03.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཏང་གི་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། ཞིང་ཆེན་ཏང་ཨུས་གཞི་རིམ་ཏང་འཛུགས་ཐད་བཏོན་པའི་གཅིག་ཅན་དྲུག་གི་རེ་བར་ཆེད་དོན་བཀོད་སྒྲིག་བྱས་པ་དང་། དུས་རབས་གསར་པའི་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཏང་གི་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་བར་ཞིབ་འཇུག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲུའུ་ཞང་ཧྥིན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

གྲོས་ཚོགས་ནས་བསྟན་དོན། གཅིག་ཅན་དྲུག་དམ་འཛིན་བྱེད་སྐབས། ངེས་པར་དུ་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཁོངས་གཏོགས་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། དམ་འཛིན་དངོས་སྒྲུབ་རྒྱུན་འཁྱོངས་བྱེད་པ། འཐབ་རྩོད་སྙིང་སྟོབས་དར་སྤེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། འགན་འཁྲིའི་བསམ་པ་དང་ལས་འགན་བསམ་པ་དྲག་པོ་བཅངས་པ་དང་། ནན་ཏན་སྒོས་ཧྲུའུ་ཅིའི་གྲོས་དོན་ཆེད་དོན་གྲོས་ཚོགས་བསྡུས་ནས། ལོ་ཧྲིལ་བོའི་ཏང་འཛུགས་བྱ་བར་འཆར་འགོད་བཟང་བོ་བྱེད་པར་ཞིབ་འཇུག་བྱེད་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་འཛུགས་ཁྲོད་ཀྱི་གནད་དོན་གཙོ་བོ་སྐོར་ཞིག་ཐག་གཅོད་དགོས་པར་མ་ཟད། སྤུས་ཚད་མཐོ་བའི་སྒོ་ནས་ཏང་འཛུགས་བྱ་བའི་གྲོས་ཚོགས་བསྡུས་ཏེ། ཞིབ་བཤེར་དང་ཞིབ་འཇུག་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། དཔེ་སྟོན་དཔེ་མཚོན་ཆགས་པར་བྱེད་དགོས་ལ། དངོས་སྒྲུབ་གྲུབ་འབྲས་བླངས་ནས་ལོ་ཧྲིལ་བོའི་འགན་སྒྲུབ་སྙན་ཞུ་འབྲི་བ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དུས་སྐབས་སུ་གཡུར་དུ་ཟ་བའི་གྲུབ་འབྲས་ལེན་དགོས།

འབྲེལ་ཡོད་ལས་ཁུངས་ཀྱིས་ཚོགས་ཐོག་ཏུ་བརྗེ་རེས་གཏམ་བཤད་སྤེལ།

                                                                                                                བཀྲ་ཤིས་འབུམ་གྱིས་བསྒྱུར།