ཀྲའོ་ལི་ཅི་ཡིས་སོ་སོར་སིང་ག་ཕོར་གྱི་ཙུང་ལི་དང་སི་ཕན་གྱི་དབུ་བཞུགས་བློན་ཆེན། མཱ་ལེ་ཞི་ཡཱའི་ཙུང་ལི་བཅས་ལ་མཇལ་འཕྲད་གནང་།
2023.04.01 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 47

ཟླ་གསུམ་པའི་ཚེས་སོ་གཅིག་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་ལ་མཇལ་འཕྲད་གནང་།

ཟླ་གསུམ་པའི་ཚེས་སོ་གཅིག་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སི་ཕན་གྱི་དབུ་བཞུགས་བློན་ཆེན་སིང་ཆེ་སི་ལ་མཇལ་འཕྲད་གནང་།

ཟླ་གསུམ་པའི་ཚེས་སོ་གཅིག་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཱ་ལེ་ཞི་ཡཱའི་ཙུང་ལི་ཨན་ཝ་ཨརལ་མཇལ་འཕྲད་གནང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སོ་སོར་སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་དང་། སི་ཕན་གྱི་དབུ་བཞུགས་བློན་ཆེན་སིང་ཆེ་སི། མཱ་ལེ་ཞི་ཡཱའི་ཙུང་ལི་ཨན་ཝ་ཨར་བཅས་ལ་མཇལ་འཕྲད་གནང་།

ལིས་ཞན་ལུང་ལ་མཇལ་འཕྲད་གནང་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས་ཡོད། ཀྲུང་གོས་སིང་ག་ཕོར་མཉམ་ལས་གྲོགས་པོ་གལ་ཆེན་དུ་བརྩིས་ཡོད་པ་དང་། སིང་ག་ཕོར་བར་གྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། སྤུས་ཚད་མཐོ་བའི་སྒོ་ནས་བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱས་ནས། མཉམ་དུ་ས་ཁུལ་གྱི་དར་རྒྱས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞི་དང་། འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་གཞི། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་གཞི་བཅས་བཏོན་ནས། འཕེལ་རྒྱས་དང་བདེ་འཇགས་ཀྱི་དཀའ་གནད་ཐག་གཅོད་བྱེད་པ་དང་མིའི་རིགས་ཀྱི་དཔལ་ཡོན་གོང་སྤེལ་ལ་སྐུལ་འདེད་གཏོང་བའི་ཐད་ཀྲུང་གོའི་ཇུས་གཞི་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་དང་མཉམ་དུ་གྲོས་གཞི་དེ་དག་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་སིང་ག་ཕོར་རྒྱལ་ཚོགས་བར་གྱི་མཛའ་མཐུན་འགྲོ་འོང་ཇེ་ཟབ་ཏུ་བཏང་སྟེ། གསར་དར་ཁྱབ་ཁོངས་དང་སྤྱི་ཚོགས་བཅོས་སྐྱོང་། དམངས་འཚོའི་འགན་སྲུང་སོགས་ཀྱི་ཐད་ནས་ཁྲིམས་འཛུགས་བརྗེ་རེས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད།

ལིས་ཞན་ལུང་གིས་ཀྲུང་གོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་བདེ་བླག་ངང་བསྡུས་པར་རྟེན་འབྲེལ་ཞུས་པ་དང་། སིང་ག་ཕོར་དང་ཀྲུང་གོའི་ཁྲིམས་འཛུགས་ལས་ཁུངས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བྱས་པར་གཟེངས་བསྟོད་བྱས། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་ཀྲུང་གོའི་འཕེལ་རྒྱས་ཐད་ཐབས་ཇུས་བཟང་བོ་བཏོན་ཡོད། སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་གནོན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་སྟེགས་བུ་བེད་སྤྱད་ནས། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཕྱོགས་ཡོངས་དང་སྤུས་ཚད་མཐོ་བའི་སྔོན་དཔག་རང་བཞིན་ལྡན་པའི་གྲོགས་པོའི་འབྲེལ་བ་འཛུགས་འདོད་ཡོད་ཟེར།

སིང་ཆེ་སི་ལ་མཇལ་འཕྲད་གནང་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་དབུ་བཞུགས་བློན་ཆེན་དང་གྲོས་མོལ་བྱས་ཏེ་ཐུན་མོང་ལྟ་ཚུལ་གལ་ཆེན་བྱུང་ཡོད་ལ། ཀྲུང་གོ་དང་སི་ཕན་གྱི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཀྲུང་གོ་དང་སི་ཕན་གྱི་མཛའ་མཐུན་མཉམ་ལས་ཀྱི་རྨང་གཞི་བཟང་བ་དང་། སྦས་ཤུགས་ཆེ་ལ་མདུན་ལྗོངས་རྒྱ་ཆེ། ད་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བའི་ལོ་ཡིན་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ་ཉི་ཤུ་འགོར་བའི་ལོ་ཡང་ཡིན། སྔར་ལས་ལྷག་པའི་སྒོ་ནས་ཡིད་ཆེས་དང་མཛའ་མཐུན་ཇེ་བརྟན་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་རྒྱུན་འཁྱོངས་བྱས་ཏེ། མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་སི་ཕན་གྱི་གྲོས་ཞུགས་ཁང་དང་དམངས་གྲོས་ཁང་གཉིས་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་བྱེད་པ་དང་། ཁྲིམས་འཛུགས་དང་ལྟ་རྟོག་སོགས་ཐད་ཀྱི་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་སོགས་ཕྱོགས་མང་བོ་ནས་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱེད་འདོད་ཡོད།

སིང་ཆེ་སི་ཡིས་བསྟན་དོན། སི་ཕན་གྱིས་ཀྲུང་གོའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད་ཅིང་། སི་ཕན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་ལག་བསྟར་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུའི་རིང་ལ། ཕྱོགས་གཉིས་ཀྱི་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། སི་ཕན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཉོ་ཚོང་དང་དངུལ་གཏོང་། རིག་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་སྔར་ལས་རྒྱ་བསྐྱེད་ནས། སི་ཕན་དང་ཀྲུང་གོ་དང་། ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཨན་ཝ་ཨར་ལ་མཇལ་འཕྲད་གནང་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་མཱ་ལེ་ཞི་ཡཱ་རྒྱལ་ཁབ་གཉིས་ནི་ཨེ་ཤ་ཡཱའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་གསར་དར་ཚོང་རའི་རྒྱལ་ཁབ་ཡིན་ཞིང་། འཕེལ་རྒྱས་དུས་རིམ་འདྲ་མཚུངས་ཡིན་ལ་ཐུན་མོང་ཁེ་ཕན་གཅིག་ཏུ་འབྲེལ་ཡོད་པ་དང་། འདུ་ཤེས་དང་བགྲོད་ལམ་གཅིག་འདྲ་ཡིན་པས། མདུན་ལམ་དང་ལས་དབང་ཡང་གཅིག་ཏུ་འབྲེལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཱ་ལེ་ཞི་ཡཱའི་བར་གྱི་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་པ་དང་། སྤུས་ཚད་མཐོ་བའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་གཞུང་བརྗེ་རེས་དང་དཔལ་ཡོན་དཔེར་འཛིན་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་རིག་གནས་གཅིག་འདྲེས་དང་དམངས་སེམས་གཅིག་སྦྲེལ་གྱི་རྣམ་པ་གསར་བ་བསྐྲུན་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་མཱ་ལེ་ཞི་ཡཱའི་རྒྱལ་ཚོགས་བར་གྱི་བརྗེ་རེས་སྔར་ལས་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བའི་ཐད་སྲིད་ཇུས་དང་བཅའ་ཁྲིམས་ཀྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་ནས་མཉམ་དུ་རྒྱལ་ཁབ་རང་རང་གི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་འདོད་ཡོད།

ཨན་ཝ་ཨར་གྱིས་བསྟན་དོན། ཀྲུང་ནི་མཱ་ལེ་ཞི་ཡཱའི་གྲོགས་པོ་བཟང་བོ་དང་ཁྱིམ་མཚེས་བཟང་བོ་ཡིན་ལ། འདུ་ཤེས་གཅིག་མཐུན་གྱི་ལས་སྐལ་ཐུན་མོང་ཚོགས་པ་ཡིན། མཱ་ལེ་ཞི་ཡཱ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཉམ་ལས་ཁྲོད་ནས་ཁེ་ཕན་མང་བོ་རེག་ཡོད་ལ། བརྒྱུད་གཅིག་ལམ་གཅིག་གི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། མི་གཞུང་དང་ཁྲིམས་འཛུགས་ལས་ཁུངས་ཀྱི་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ། མཱ་ལེ་ཞི་ཡཱ་དང་ཀྲུང་གོའི་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།