རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་ཟུང་གི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།
2023.04.01 ཁུངས། ཀློག་གྲངས། 75

ཟླ་གསུམ་པའི་ཚེས་སོ་གཅིག་ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་གཟའ་འཁོར་ཟུང་གི་གྲོས་མོལ་བཞུགས་མོལ་ཚོགས་འདུ་པེ་ཅིང་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་གཟའ་འཁོར་ཟུང་གི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་པེ་ཅིང་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ཀྱི་བྱ་བ་བཟང་བོར་བསྒྲུབས་ཏེ། སྲིད་གྲོས་གྲོས་མོལ་གྱི་གཞི་རྩའི་སྲུང་བྱ་དང་གཙོ་གནད་དམ་འཛིན་བྱས་ནས། སྤུས་ཚད་མཐོ་བའི་སྲིད་གྲོས་གྲོས་མོལ་གྱིས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བཅས་ཀྱི་ནང་གི་འབྲེལ་བ་དང་དམིགས་འབེན་ལས་འགན། ལག་ལེན་རེ་བ་བཅས་དམ་འཛིན་བྱེད་པ་དང་། ཤུགས་ཆེན་པོས་བརྟག་དཔྱད་ཞིབ་འཇུག་གི་སྲོལ་དར་སྤེལ་བྱས་ཐོག དམིགས་སའི་རང་བཞིན་དང་ལག་ལེན་རང་བཞིན་ལྡན་པའི་བསམ་འཆར་དང་གྲོས་གཞི་འདོན་དགོས། བསམ་བློའི་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། སྲིད་ཇུས་དྲིལ་སྒྲོག་དང་ཡིད་ཆེས་བརྟན་པོ། མཐུན་སྒྲིལ་སྟོབས་ལྡན་བཅས་ཀྱི་བྱ་བ་བཟོང་བོར་བསྒྲུབས་ནས། མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་ལྟ་ཚུལ་དང་སྟོབས་ཤུགས་རྒྱ་ཆེར་གཅིག་བསྡུས་བྱེད་དགོས།

ཨུ་ཡོན་བཅུ་གཉིས་ཀྱིས་གཏམ་བཤད་སྤེལ། ཚང་མས་བལྟས་ན། ནུས་ལྡན་དངུལ་གཏོང་རྒྱ་བསྐྱེད་པ་དང་དཔལ་འབྱོར་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་མོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་པར་འདོད། དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ཁོར་ཡུག་ལེགས་བསྒྱུར་དང་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞིང་བ་བཟོ་ལས་བ་གྲོང་ཁྱེར་སྡོད་དམངས་ཅན་དུ་བསྒྱུར་བའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་སྟེ། མི་སྙིང་བོར་བྱས་པའི་མཁར་གྲོང་ཅན་ལ་སྐུལ་འདེད་གཏོང་དགོས། ཐོན་ལས་མུ་འབྲེལ་དང་མཁོ་འདོན་མུ་འབྲེལ་ཅན་གྱི་ལྡེམ་གཤིས་དང་བདེ་འཇགས་ཆུ་ཚད་མཐོར་འདེགས་བྱས་ནས། བྱེད་ཐབས་མང་བོ་མཉམ་སྤྱོད་ཀྱིས་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་དགོས། ཚན་རྩལ་གསར་གཏོད་དང་ཁེ་ལས་ཀྱི་གསར་གཏོད་གསོན་ཤུགས་སྐུལ་སྤེལ་བྱས་ནས། གསར་གཏོད་དང་ཐོན་ལས། མ་དངུལ། འཇོན་མི་བཅས་ཀྱི་མུ་རྒྱུན་གཅིག་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་ཡར་སྐུལ་བྱས་ནས་ཤུགས་ཆེན་པོས་ཕྱི་དངུལ་དང་ཕྱིའི་ཉོ་ཚོང་གཏན་འཇགས་ཡོང་བར་བྱེད་དགོས།

རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྱིས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། བཟོ་ལས་དང་བརྡ་འཕྲིན་པུའུ། ནོར་སྲིད་པུའུ། ཚོང་དོན་པུའུ་བཅས་ཀྱི་འགན་ཁུར་བློ་མཐུན་གྲོས་མོལ་བརྗེ་རེས་ལ་ཞུགས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།