ལིའུ་ཐུང་ཏི་ཡིས་རྐང་ཚ་རྫོང་དུ་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་དང་གྲོང་གསེབ་དར་སྤེལ་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས།
2023.04.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་གསུམ་པའི་ཚེས་ཉེར་བརྒྱད་དང་ཉེར་དགུ་ཉིན་གཉིས་ལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏི་རྐང་ཚ་རྫོང་དུ་སོང་སྟེ་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་དང་གྲོང་གསེབ་དར་སྤེལ་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་རེ་བ་དངོས་འབེབས་བཟང་བོ་བྱས་ཏེ། ཚོང་རའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་སྔོན་དཔག་དུས་རིམ་ཇེ་དྲག་ཏུ་བཏང་ནས། དཔལ་འབྱོར་གྱི་འཁོར་སྐྱོད་ཧྲིལ་བོ་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས།

ལིའུ་ཐུང་ཏི་སྔ་གཞུག་ཏུ་ནུབ་མཚོ་རྡོ་སོལ་ཧེ་ཐ་ཨར་སོལ་གཏེར་དང་བྲ་སོག་ཉི་འོད་ས་ཁུལ། དཀོན་ལོ་ཚང་གོང་མ་སྡེ་བ་བཅས་ལ་སོང་སྟེ་རྟོག་ཞིབ་བྱས་བྱས་པ་དང་། ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་དང་ལས་གཞི་ལག་བསྟར། བསྐྱར་ལས་བསྐྱར་ཐོན་དང་གྲོང་གསེབ་དར་སྤེལ་བྱ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། དེའི་རྗེས་སུ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། རྫོང་དང་ཡུལ་ཚོ་རིམ་པ་གཉིས་ཀྱི་སྲིད་གཞུང་དང་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བའི་འབྲེལ་གཏུག་མཁན་གྱི་བྱ་བའི་ཡར་ཞུ་དང་ཁེ་ལས་སྐོར་ཞིག་གིས་དཀའ་ངལ་བཏོན་པར་ཉན་པར་མ་ཟད་ཡུལ་དངོས་ནས་མཐུན་སྦྱོར་ཐག་གཅོད་བྱས།

ལིའུ་ཐུང་ཏི་ཡིས་བསྟན་དོན། ཁྱོན་ཡོངས་གསལ་བོར་རྟོགས་པར་བྱེད་པ་དང་གནས་བབ་ཆེན་པོ་ཁོང་དུ་ཆུད་པར་བྱས་ཏེ། རྒྱལ་བའི་ཆོད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་བརྩོན་པའི་ངར་ཤུགས་ཆེ་རུ་བསྐྱེད་དགོས་ལ། དུས་ཚོད་ཆུད་ཟོས་སུ་མི་གཏོང་བར་འཕེལ་རྒྱས་དམ་འཛིན་བྱེད་པ་དང་། ཐབས་བརྒྱ་ཇུས་སྟོང་སྒོས་འཕར་སྣོན་བརྟན་འཇགས་སུ་གཏོང་དགོས། ཁེ་ལས་གཅིག་ལ་སྲིད་ཇུས་གཅིག་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རོགས་སྐྱོར་ནན་མོ་བྱེད་པ་དང་། ཅོ་ཐོ་ཅན་གྱི་དོ་དམ་དང་རྩིས་ཁྲའི་རྣམ་པར་སྐུལ་འདེད་གཏོང་བ་ལག་བསྟར་བྱས་ནས། གནས་དོན་སྣ་ཚོགས་ཐག་གཅོད་བཟང་བོ་བྱེད་པ་འགན་སྲུང་བྱེད་དགོས། ཁེ་ལས་ལ་རོགས་སྐྱོར་བྱས་ཏེ་ཕན་འབྲས་ཐོབ་པའི་སྲིད་ཇུས་ལ་གོ་བ་ཟབ་མོ་ལེན་པ་དང་། སྲིད་ཇུས་དངོས་འབེབས་བྱེད་པའི་ཁྲོད་ཀྱི་དཀའ་གནད་དང་བར་ཆད་ནུས་ལྡན་སྒོས་སེལ་ནས། སྲིད་ཇུས་སྣ་ཚོགས་ལག་བསྟར་བྱས་ནས་ཁེ་ལས་ཀྱིས་ལོངས་སུ་སྤྱོད་ཐུབ་པ་འགན་སྲུང་བྱེད་དགོས། གནད་ས་འབུར་དུ་ཐོན་པར་བྱེད་པ་དང་། ཁེ་ལས་གཙོ་བོ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་རོགས་སྐྱོར་བྱེད་པ། སྐྱེ་ཁམས་གནས་སྐོར་དང་ཁྱད་ལྡན་ཞིང་ཕྱུགས་ལས་སོགས་ཀྱི་ཁྱད་སྟོབས་ཐོན་ལས་གསོ་སྐྱོང་བྱས་ནས། ཁེ་ལས་ལ་རོགས་སྐྱོར་བྱས་ཏེ་དཀའ་ཁག་སེལ་བའི་གོ་སྐབས་དེ་འཕེལ་རྒྱས་ཀྱི་གོ་སྐབས་སུ་བསྒྱུར་དགོས། འགན་འཁྲིའི་ནུས་པ་ཇེ་ཆེར་གཏོང་བ་དང་། དངོས་འབེབས་བྱ་བ་དམ་འཛིན་བྱེད་པ། གོ་རིམ་ལྡན་པར་འཆར་འགོད་བྱེད་པ། ཕྱོགས་སོ་སོའི་བརྩོན་སེམས་རང་བཞིན་དང་རང་འགུལ་རང་བཞིན་ཇེ་དྲག་ཏུ་བཏང་ནས། ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ཐད་ནས་གྲུབ་འབྲས་ངོ་མ་ཐོབ་པ་འགན་སྲུང་བྱེད་དགོས།

                                                                                                              བཀྲ་ཤིས་འབུམ་གྱིས་བསྒྱུར།