ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་སྟོང་སྐོར་རྫོང་དུ་སོང་སྟེ་རྫོང་རིམ་པའི་བཟོ་ཚོགས་ལོ་ལ་ཤུགས་སྣོན་པའི་ཆེད་དོན་བྱ་བར་རྟོག་ཞིབ་བྱས།
མཱ་ཅི་ཞའོ་ཡིས་མཚོ་སྔོན་སྟོང་སྐོར་ཀོ་བའི་འཚེམ་དྲུབ་ཞིབ་བཟོ་གསར་སྤེལ་ཚད་ཡོད་ཀུང་ཟིའི་ནང་དུ་ཀོ་བའི་འཚེམ་དྲུབ་འགྲེམ་སྟོན་བྱས་པར་ལྟ་ཞིབ་བྱས་ཤིང་། ཁེ་ལས་ཀྱི་བདག་གཉེར་དང་ཐོན་རྫས་གསར་སྐྲུན། ཆེད་ལས་འཇོན་མི་ནང་འདྲེན། དེ་མིན་གནས་པའི་གནད་དོན་དང་དཀའ་ཁག་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། ཀུང་ཟིའི་བཟོ་ཚོགས་ཀྱིས་འཚེམ་དྲུབ་ཐོན་ལས་འཕེལ་རྒྱས་གོ་སྐབས་སུ་བཟུང་སྟེ། གསར་སྐྲུན་ཞིབ་བཟོ་ཤུགས་ཚད་ཆེ་རུ་གཏོང་བ་དང་། ཀོ་བའི་འཚེམ་དྲུབ་ཐོན་རྫས་ཕུན་སུམ་ཚོགས་པར་གཏོང་བ། འཇོན་མི་གསོ་སྐྱོང་ལ་ཤུགས་སྣོན་པ། གློག་ཚོང་སྟེགས་བུ་ལ་བརྟེན་ནས་ཐོན་རྫས་ཚོང་རར་ཁྱབ་གདལ་དུ་གཏོང་བར་ཤུགས་བསྣན་ནས། ཐོན་རྫས་འཚོ་བའི་ཁྲོད་དུ་ཞུགས་པར་སྐུལ་འདེད་གཏོང་དགོས། སྟོང་སྐོར་རྫོང་མི་དམངས་སྨན་ཁང་དང་རྟོང་སྐོར་རྫོང་སྤྱི་བདེ་ཅུའུ་ནས་མཱ་ཅི་ཞའོ་ཡིས་ལས་བཟོ་བའི་དཔེ་ཁང་དང་ལས་བཟོ་བའི་གཞིས་ཁྱིམ་འཛུགས་སྐྲུན་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་ཤིང་། གཞི་རིམ་བཟོ་ཚོགས་རྩ་འཛུགས་ཀྱིས་ནུས་པ་བཏོན་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། གཞི་རིམ་བཟོ་ཚོགས་རྩ་འཛུགས་ཀྱིས་ཏང་འཛུགས་ལ་བརྟེན་ནས་བཟོ་ཚོགས་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པ་དང་། ངལ་རྩོལ་དཔེ་ལེགས་ཀྱི་ལག་ཤེས་སྙིང་སྟོབས་ཀྱིས་ལས་བཟོ་བར་སྣེ་ཁྲིད་བྱེད་པ། རང་ཉིད་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ལས་བཟོ་བའི་ཞབས་ཞུའི་གཡུལ་ས་གསར་སྐྲུན་བྱེད་པ་སོགས་ཀྱི་སྒྲུབ་སྟངས་ལ་ཁས་ལེན་གང་ལེགས་བྱས། མཱ་ཅི་ཞའོ་ཡིས་བསྟན་དོན། གཞི་རིམ་བཟོ་ཚོགས་རྩ་འཛུགས་ཀྱིས་སྟོབས་ལྡན་ལྔའི་དམིགས་འབེན་གཞིར་བཟུང་སྟེ། ཏང་འཛུགས་དང་བཟོ་ཚོགས་འཛུགས་སྐྲུན་གྱི་ཆེད་དོན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་། རང་ཉིད་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པར་ཡིད་འཇོག་བྱས་ནས། གཞི་རིམ་བཟོ་ཚོགས་འཛུགས་སྐྲུན་བཟང་བོ་བྱེད་པ་དང་སྟོབས་ལྡན་དུ་འགྲོ་བར་སྐུལ་འདེད་གཏོང་དགོས། རང་འགུལ་སྒོས་ད་ཡོད་ཀྱི་ཐོན་ཁུངས་ཕུན་སུ་ཚོགས་པར་གཏོང་བ་དང་། ལས་བཟོ་བའི་དཔེ་ཁང་གི་ནང་དོན་ཇེ་མང་དུ་གཏོང་བ། འཛུགས་སྐྲུན་དཔེ་མཚོན་གསར་སྐྲུན་བྱེད་པ། ཞབས་ཞུའི་གཡུལ་ས་འཛུགས་སྐྲུན་དང་བཀོལ་སྤྱོད། སྲུང་སྐྱོང་བཟང་བོ་བྱས་ནས། ཞབས་ཞུའི་གཡུལ་སའི་འགུག་ཤུགས་དང་གཅིག་སྡུད་སྟོབས་ཤུགས་ཇེ་ཆེར་གཏོང་དགོས།
བཀྲ་ཤིས་འབུམ་གྱིས་བསྒྱུར།