ཟླ་གསུམ་པའི་ཚེས་སོ་གཅིག་ཉིན། ཞིང་ཆེན་དམངས་ཆེན་འཐུས་མིའི་གྲོས་གཞི་གཅིག་གྱུར་སྒྲུབ་གཉེར་དང་གཅིག་སྡུད་སྒྲུབ་གཉེར་ལྟ་སྐུལ་གྲོས་ཚོགས་དེ་ཚོགས་ར་གཙོ་བོ་ནས་ཡན་ལག་ཚོགས་རར་བརྙན་རིས་གཏོང་བའི་རྣམ་པས་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཧོང་ཡོན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་གཏམ་བཤད།
ཀྲང་ཧོང་ཡོན་གྱིས་འདས་པའི་ལོ་ལྔ་ཡི་རིང་ལ། ལས་ཁུངས་སོ་སོས་འཐུས་མིའི་བསམ་འཆར་བྱ་བའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་ཆབ་སྲིད་གླེང་བ་དང་དམངས་གཙོ་གླེང་བ། ཁྲིསམ་སྐྱོང་གླེང་བའི་མཐོ་ཚད་དུ་ལངས་ནས་འཐུས་མིའི་བསམ་འཆར་བྱ་བ་ལེགས་པར་བསྒྲུབ་དགོས། མགོ་ཁྲིད་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་དང་མཐུན་སྦྱོར་གཞོགས་འདེགས་ཇེ་དྲག་ཏུ་གཏོང་བ། ལྟ་སྒྲུབ་ནུས་པར་དོ་སྣང་བྱེད་པ། དྲིལ་སྒྲོག་ཁྱབ་བརྡལ་ཇེ་དྲག་ཏུ་བཏང་ནས་འཐུས་མིས་གྲོས་འདོན་བྱ་བ་ལེགས་པར་བསྒྲུབ་ནས་སྤུས་ཚད་མཐོ་བའི་འཐུས་མིའི་གྲོས་འདོན་སྒྲུབ་གཉེར་ཕན་འབྲས་ཀྱིས་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
དབྱང་ཀྲི་ཝུན་གྱིས་བསྟན་དོན། ཞིང་ཆེན་སྲིད་གཞུང་མ་ལག་གི་ལས་སྒྲུབ་ལས་ཁུངས་སོ་སོས་ཆབ་སྲིད་ཀྱི་ལངས་གནས་མཐོ་འདེགས་དང་གྲོས་གཞི་གཙོ་བོ་འབུར་དུ་ཐོན་པར་བྱེད་པ། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྒྲུབ་གཉེར་དམ་འཛིན་བྱས་ནས་མཐོ་ཚད་གསར་བ་དང་རྣམ་པ་གསར་བ། ཚད་གཞི་གསར་བ། བྱེད་ཕྱོགས་གསར་བ་མངོན་པར་བྱས་ནས་སྤུས་ཚད་མཐོ་བའི་ངང་ད་ལོའམ་སྐབས་འདིའི་འཐུས་མིའི་གྲོས་འདོན་སྒྲུབ་གཉེར་བྱ་བའི་ལས་འགན་ཁག་ཡོངས་འགྲུབ་བྱེད་དགོས།
གྲོས་ཚོགས་ནས་ཞིང་ཆེན་དམངས་ཆེན་འཐུས་མིའི་གྲོས་འདོན་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། འགན་སྒྲུབ་གནས་ཚུལ་དང་ལྟ་སྒྲུབ་ལས་ཁུངས་ཀྱི་འཐུས་མི་དང་ཞིང་ཆེན་དམངས་ཆེན་གྱི་འཐུས་མི་སྐོར་ཞིག་གིས་གཏམ་བཤད་དེ་བསམ་ཚུལ་བརྗེ་རེས་བྱས།
མི་ཕམ་མགོན་པོས་བསྒྱུར།