ཟླ་བཞི་པའི་ཚེས་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཀྲུང་ནན་ཧའེ་ཙེ་ཀོང་ཀི་རུ་ཀྲུང་གོར་འཚམས་འདྲིར་ཡོང་བའི་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ལིན་ཧྥང་ཀྲིན་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་ཀྲུང་གོ་དང་འཇར་པན་གྱི་མཛའ་མཐུན་མཉམ་ལས་འབྲེལ་བར་སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན། ད་ལོ་ནི་རྒྱལ་ཁབ་གཉིས་བར་ཞི་བདེའི་མཛའ་མཐུན་ཆིངས་ཡིག་བཞག་ནས་ལོ་ཞེ་ལྔ་འཁོར་བའི་ལོ་ཡིན་པར་བརྟེན། ཕྱོགས་གཉིས་ཀས་ཆིངས་ཡིག་གི་ནང་དོན་བརྩི་སྲུང་ནན་མོ་བྱས་ནས། རྒྱལ་ཁབ་གཉིས་ཀའི་བར་གྱི་ཡུན་རིང་ཞི་བདེའི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་རྩེ་གཅིག་ཏུ་འབད་དགོས། འཇར་པན་ཕྱོགས་ཀྱིས་ཀྲུང་གོའི་བར་མཉམ་ལས་བྱས་ཏེ། ཕན་ཚུན་བར་གྱི་གྲོས་མོལ་དང་མཉམ་ལས་ལ་ཤུགས་སྣོན་པ་དང་། མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་འོས་འཚམ་བྱས་ནས། དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཛུགས་རྒྱུར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་ནི་རེ་བ་ཡིན། ལོ་རྒྱུས་ཀྱི་གནད་དོན་དང་ཐའེ་ཝན་སོགས་ཀྱི་གཞི་རྩའི་གནད་དོན་གལ་ཆེན་ནི་རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་དང་འབྲེལ་བ་ཡོད་པའི་དབང་གིས། ལྷག་བསམ་རྣམ་དག་དང་ཕན་ཚུན་ཡིད་ཆེས་བྱེད་པ། འོས་འཚམ་ངང་ཐག་གཅོད་བཅས་བྱེད་དགོས། ཀྲུང་གོ་དང་འཇར་པན་ནི་དཔལ་འབྱོར་ཉོ་ཚོང་གི་ཟླ་གྲོགས་གལ་ཆེན་ཡིན་པས། ཆུ་ཚད་སྔར་ལས་མཐོ་བའི་གཉིས་ཕན་གཉིས་རྒྱལ་མངོན་འགྱུར་བྱེད་དགོས་ཞེས་གསུངས།
ལིན་ཧྥང་ཀྲིན་གྱིས་རྒྱལ་ཁབ་གཉིས་བར་ཁྱབ་ཁོངས་ཆེན་པོའི་ཁྲོད་མཉམ་ལས་ཀྱི་སྦས་ཤུགས་ཧ་ཅང་ཆེན་པོ་ལྡན། འཇར་པན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མགོ་ཁྲིད་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས། མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ། དགེ་མཚན་ལྡན་ལ་བརྟན་ལྷིང་ཡིན་པའི་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཛུགས་འདོད་ཡོད་ཅེས་བསྟན།
ཆིན་ཀང་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།