ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན་གྱི་ཁྲིམས་འཛུགས་སྤེལ་མགོ་རྩོམ་པའི་ཚོགས་འདུ་བསྡུས་ཏེ། བྱ་བ་ཆེད་སྒྲུབ་ཚན་ཁག་བཙུགས་ཤིང་བྱ་བའི་ཇུས་གཞི་ཁྱབ་སྒྲོག་བྱས་པ་དང་། ཁྲིམས་འཛུགས་བསམ་ཕྱོགས་བརྗེ་རེས་བྱས་ལ། ཁྲིམས་འཛུགས་ལས་འགན་བཀོད་སྒྲིག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏི་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།
ལིའུ་ཐུང་ཏི་ཡིས་རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་གོ་རིམ་ལྡན་པར་གསེད་བཀྲོལ་བྱས་ཤིང་། མཐོ་སའི་ཁྲིམས་འཛུགས་ཀྱི་དོན་སྙིང་གལ་ཆེན་རྒྱས་བཤད་བྱས་པ་དང་། ཁྲིམས་འཛུགས་འཆར་ཟིན་འབྲི་བའི་བྱ་བར་རེ་བ་གསལ་བོ་བཏོན། ཁོས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་མགོ་རྩོམ་པའི་སྐྱོད་ལམ་གསར་བར་སྟོབས་དང་ལྡན་པའི་ཁྲིམས་སྐྱོང་གི་འགན་སྲུང་ཡོད་དགོས་པ་དང་། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་སྲོལ་ཡིག་གཏན་འཁེལ་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ཁྲིམས་འཛུགས་བྱ་བ་མྱུར་བ་མྱུར་དུ་ལག་བསྟར་བྱེད་དགོས་བྱུང་ཡོད།
ལིའུ་ཐུང་ཏི་ཡིས་བསྟན་དོན། མཐོ་ས་འཛུགས་སྐྲུན་གྱི་ཁྲིམས་འཛུགས་སྤེལ་བའི་གལ་ཆེན་རང་བཞིན་དང་དགོས་གལ་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། བབ་བསྟུན་མདུན་སྐྱོད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པའི་མཐུན་སྦྱོར་ལ་ཡིད་འཇོག་བྱེད་དགོས་ཤིང་། སྤུས་ཚད་མཐོ་ཞིང་ཕན་འབྲས་ལེགས་པའི་སྒོ་ནས་ཁྲིམས་འཛུགས་ལས་འགན་ཡོངས་འགྲུབ་བྱེད་དགོས། མཐོ་ས་འཛུགས་སྐྲུན་གྱི་ཁྲིམས་འཛུགས་བྱ་བ་བཟང་བོར་སྒྲུབ་པའི་འགན་འཁྲི་རང་བཞིན་དང་ལས་འགན་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་། བྱ་བའི་མཉམ་ཤུགས་ཆགས་པར་བྱེད་དགོས་ལ། འཐབ་རྩོད་སྙིང་སྟོབས་དར་སྤེལ་བྱེད་པ་དང་། སྤུས་ཚད་དང་ཕན་འབྲས་མཉམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། ཁྲིམས་སྲོལ་འཛུགས་ཐུབ་པ་དང་ལག་བསྟར་བྱེད་ཆོག་པ། ནུས་པ་འདོན་ཐུབ་པར་འགན་སྲུང་བྱེད་དགོས། མཐོ་ས་འཛུགས་སྐྲུན་གྱི་ཁྲིམས་འཛུགས་མྱུར་དུ་སྤེལ་བའི་གནད་ས་དང་གཙོ་རྒོལ་བྱེད་ས་ཁོང་དུ་ཆུད་པར་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་རྣམ་པ་གསར་སྐྲུན་བྱེད་པ་འབུར་དུ་ཐོན་པར་བྱེད་དགོས་ལ། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་འབུར་དུ་ཐོན་པར་བྱེད་པ་དང་། སྐྱེ་ཁམས་ཉེན་ཁའི་འགོག་སྡོམ་ཇེ་དྲག་ཏུ་གཏོང་བ། མཐོ་སྒང་གི་སྐྱེ་ཁམས་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་ཤུགས་སྣོན་པ། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་མཐུན་སྦྱོར་སྒོས་དོ་མཉམ་ཡོང་བར་སྐུལ་འདེད་བཏང་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་། སྐྱེ་ཁམས་མཛའ་མཐུན་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྟོབས་ལྡན་ནུས་ལྡན་གྱི་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་པར་སྐུལ་འདེད་གཏོང་དགོས།
བཀྲ་ཤིས་འབུམ་གྱིས་བསྒྱུར།