མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་དང་པོ་བསྡུས།
2023.04.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་བཞི་བའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་དང་པོ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་དགོས་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལྟར། ངེས་པར་དུ་གསུམ་ཡིད་ལ་དམ་པོར་བཅངས་ཏེ། སྐྱོད་ལམ་གསར་བའི་སྟེང་དུ་མཚམས་མི་ཆད་པར་སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བཟང་བོ་བྱེད་པར་སྟོབས་ལྡན་འགན་སྲུང་འདོན་སྤྲོད་བྱེད་དགོས།

ཝུའུ་ཞུ་ཅུན་གྱིས་བསྟན་དོན། སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་ཤུགས་སྣོན་པ་ནི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། བློ་ཐག་རྦད་ཆོད་སྒོས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འཐབ་ཇུས་དང་བྱེད་ཕྱོགས་ལག་བསྟར་བྱས་ཏེ། དེང་སྐབས་ཀྱི་འཕེལ་རྒྱས་གནས་བབ་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་། སྐྱོད་ལམ་གསར་བའི་སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགན་འཁྲིའི་བསམ་པ་དང་དགོས་གལ་བསམ་པ་ཇེ་དྲག་ཏུ་གཏོང་དགོས་ཤིང་། རྩ་བ་ནས་རང་ཉིད་གསར་བརྗེ་བྱེད་པའི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། གཟབ་ནན་གྱི་དགོངས་གཞི་དང་གཟབ་ནན་གྱི་བྱེད་ཐབས། གཟབ་ནན་གྱི་སྣང་ཚུལ་བཅས་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱས་ནས། མི་དམངས་ཡིད་ཚིམས་པའི་ཁྲིམས་སྐྱོང་སྲིད་གཞུང་དང་གསར་སྐྲུན་སྲིད་གཞུང་། སྤྱོད་གཙང་སྲིད་གཞུང་། ཞབས་ཞུ་རང་བཞིན་གྱི་སྲིད་གཞུང་བཅས་འཛུགས་སྐྲུན་བྱེད་པར་ནུས་པ་འདོན་དགོས།

ཝུའུ་ཞོ་ཅུན་གྱིས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱེད་མགོ་བརྩམས་པའི་ལོ་ཡིན་པ་དང་། སྐབས་གསར་བའི་སྲིད་གཞུང་གིས་འགན་འཁྲི་ལག་བསྟར་བྱེད་པའི་ལོ་དང་པོ་ཡིན་པས། སྤྱོད་ཚུལ་བསྒྱུར་ཞིང་ཕན་ནུས་མཐོར་འདེགས་སུ་གཏོང་བ་དང་། སྒྲིག་ལམ་ལ་གཟབ་ནན་དང་ལྐོག་ཟ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་། ནུས་ཤུགས་གང་ཡོད་བཏོན་ནས་སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་ལས་འགན་གཙོ་བོ་དངོས་འབེབས་བྱས་ཏེ་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས། སྒྲིག་ལམ་ནན་འཛིན་དང་ལྟ་རྟོག་ལ་ཤུགས་སྣོན་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། རྦད་ཆོས་ནུས་ལྡན་གྱི་ལག་བསྟར་མཁན་དང་ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་འགུལ་སྤྱོད་སྤེལ་མཁན། སྒྲུབ་ཕོད་པ་དང་སྒྲུབ་པར་མཁས་པའི་དངོས་སྒྲུབ་མཁན་བཟང་བོ་ཞིག་བྱེད་དགོས། སྤྱོད་ཚུལ་བསྒྱུར་ཞིང་ཕན་ནུས་མཐོར་འདེགས་སུ་བཏང་སྟེ། རྒྱུན་མཐུད་སྒོས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་ནུས་པ་ཇེ་ཆེར་གཏོང་བ་དང་། བློ་ཐག་རྦད་ཆོད་སྒོས་སྤྱོད་ཚུལ་ཕྱོགས་ཀྱི་འབུར་ཐོན་གནད་དོན་ལ་དག་ཐེར་དང་བཅོས་སྐྱོང་བྱེད་པ། ཞིབ་བཤེར་དང་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་ཞིང་སྲིད་འཛིན་ཕན་ནུས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་།  བརྩོན་བསྲིས་དར་སྤེལ་དང་རྒྱས་སྤྲོས་སྤང་ནས་དཀའ་སྤྱད་འབད་བརྩོན་བྱེད་དགོས། གནད་སར་དམིགས་ཤིང་གནད་འགག་དམ་འཛིན་བྱས་ཏེ། རུལ་སུངས་གནད་དོན་འགོག་སྲུང་ནན་མོ་བྱེད་པ་དང་ཆད་པ་ནན་མོ་གཅོད་དགོས་ཤིང་། སྤྱི་ཐུན་མ་དངུལ་ལ་དོ་དམ་བཟང་བོ་དང་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། སྤྱི་ཐུན་ཐོན་ཁུངས་ཀྱི་བརྗེ་རེས་སྒྲིག་སྦྱོར་ནུས་ལྡན་སྒོས་ཚད་ལྡན་དུ་གཏོང་བ། ལས་རིགས་རང་བཞིན་གྱི་ཁོངས་གཏོགས་རུལ་སུངས་ལ་ཆད་གཅོད་བཅོས་སྐྱོང་ནན་མོ་བྱེད་པ། བློ་ཐག་རྦད་ཆོད་སྒོས་མང་ཚོགས་ཀྱི་གམ་དུ་གནས་པའི་རུལ་སུངས་དང་མི་ལེགས་པའི་སྤྱོད་ཚུལ་ལ་ཆད་གཅོད་བཅོས་སྐྱོང་བྱེད་དགོས། བཅོས་སྒྱུར་ཟབ་སྤེལ་དང་འགན་ནུས་ལེགས་སྒྱུར་བྱས་ཏེ། ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་རྒྱུན་མཐུད་སྒོས་སྲིད་གཞུང་གི་འགན་ནུས་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། སྲིད་འཛིན་དབང་ཆའི་འཁོར་སྐྱོད་ཧུར་ཐག་སྒོས་ཚད་ལྡན་དུ་གཏོང་དགོས།

ཝུའུ་ཞོ་ཅུན་གྱིས་དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་འཛུགས་སྐྲུན་དེ་གོ་གནས་གལ་ཆེན་དུ་བཞག་སྟེ་མུ་མཐུད་དུ་ཆབ་སྲིད་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། བློ་ཐག་རྦད་ཆོད་སྒོས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་དངོས་འབེབས་བྱེད་དགོས་ལ།  སྤྱོད་གཙང་རང་གཅུན་དང་སྲིད་བརྩོན་ཁག་ཁུར་ནུས་པ་ཇེ་ཆེར་བཏང་ནས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་དེ་སྲིད་གཞུང་གི་བྱ་བ་སྣ་ཚོགས་དང་རང་ཉིད་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་བོ་དང་ཕྱོགས་སོ་སོ་རུ་དངོས་འབེབས་བྱེད་པ་དང་། སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་ཕན་འབྲས་ལ་བརྟེན་ནས། དཀའ་སྤྱད་འབད་འཐབ་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མཚོ་སྔོན་གྱི་ལག་ལེན་གསར་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་དབྱང་གདན་དྲངས་པ་ལྟར་གྲོས་ཚོགས་ལ་ཞུགས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཧྲིན་ཀྲང་གཞོན་པ་ལིའུ་ཐོ་དང་དབྱང་ཀྲི་ཝུན། ལིའུ་ཁྲའོ། ཧི་ལུའུ་ཁྲུན། ཝང་ཧེ་ཧོང་བཅས་གྲོས་ཚོགས་ལ་ཞུགས།

ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནོར་སྲིད་ཐིན། ཟི་ལིང་གྲོང་ཁྱེར་སྲིད་གཞུང་། མཚོ་ནུབ་ཁུལ་སྲིད་གཞུང་བཅས་ཀྱི་འགན་འཁུར་བ་གཙོ་བོས་ཚོགས་ཐོག་ནས་གཏམ་བཤད།

                                                                                                  བཀྲ་ཤིས་འབུམ་གྱིས་བསྒྱུར།