ཁོང་ཡུང་ཞིང་ཆེན་སྲིད་གྲོས་ཀྱི་ཞང་ཀང་དང་ཨོ་མིན།ཐེ་ཝན།ཕྱི་སྡོད་རང་མི་དང་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཀྲུའུ་རིན་གྲོས་ཚོགས་དང་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ལ་ཞུགས།
2023.04.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་གསུམ་པའི་ཚེས་སོ་གཅིག་ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཞང་ཀང་དང་ཨོ་མིན།ཐེ་ཝན། ཕྱི་སྡོད་རང་མི་དང་ཕྱི་དོན་ཨུ་ཡོན་ལྷན་ཁང་གིས་ཡུལ་དངོས་དང་བརྙན་ལམ་ཟུང་འབྲེལ་གྱི་རྣམ་པས་ཏང་ཙུའུ་ཀྲུའུ་རིན་གྲོས་ཚོགས་དང་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ལས་ཁུངས་སུ་ཚོགས་ར་གཙོ་བོ་བཙུགས་ཡོད་ལ། ཞང་ཀང་དང་ཨོ་མིན་དུ་ཡན་ལག་ཚོགས་ར་བཙུགས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

གྲོས་ཚོགས་ལས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་ཀྱི་དགོངས་དོན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་བཅས་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ལ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གསུམ་ལོའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས།

ཁོང་ཡུང་གིས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་མགོ་རྩོམ་པའི་གནད་འགག་གི་ལོ་དང་། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་འགན་སྒྲུབ་མགོ་རྩོམ་པའི་ལོའང་ཡིན་པས། ལས་དོན་ཁག་ཡག་པོར་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན། ཁོས་ནན་གྱིས་བསྟན་དོན། གཞུང་ལུགས་སློབ་སྦྱོང་ཤུགས་དྲག་ཏུ་བཏང་སྟེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུངས་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་བཅོས་སྒྱུར་བྱེད་པའི་དགོངས་པ་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་རྒྱུ་རྒྱུན་འཁྱོངས་བྱས་ནས་ལག་ལེན་ལ་སྐུལ་འདེད་གཏོང་དགོས། འགན་འཁྲི་ཁག་ཁུར་ཤུགས་དྲག་ཏུ་གཏོང་དགོས། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་བརྗོད་སྙིང་ཁོང་དུ་ཆུད་པར་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་དམིགས་སུ་འཛིན་པ། བརྟག་དཔྱད་ཞིབ་འཇུག་གི་སྲོལ་བཟང་དར་སྤེལ་བྱེད་པ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་ད་ལོའི་ལས་དོན་ཁག་ཡོངས་འགྲུབ་བྱེད་དགོས། མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་བྱས་ཏེ། བརྗེ་རེས་ཐབས་ལམ་འཛུགས་པ་དང་དེ་རྒྱ་སྐྱེད་ཧུར་ཐག་གཏོང་བ། གདན་འདྲེན་ཞུ་བ་དང་ཕྱི་རུ་བསྐྱོད་པའི་བྱེད་ཐབས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མཐུན་སྒྲིག་སེམས་གཅིག་དང་དྲང་ཕྱོགས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས།  མཚོ་སྔོན་བཅོས་སྒྱུར་གྱི་གཏན་འཇགས་འཕེལ་རྒྱས་ཐད་སྟོབས་ཤུགས་གཅིག་སྡུད་བྱེད་དགོས།

                                                                                     རིག་འཛིན་སྒྲོལ་མས་བསྒྱུར།