ཟླ4པའི་ཚེས3ཉིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་ཚེས་གསུམ་ཉིན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་འབྱུང་བར་བྱེད་པའི་རླབས་ཆེན་དམིགས་འབེན་གྱིས་མི་རྣམས་ལ་སྐུལ་མ་གཏོང་བ་དང་བརྩོན་སེམས་བསྐྱེད་པར་བྱེད་ལ། ང་ཚོ་རབས་འདིའི་གུང་ཁྲན་ཏང་མིའི་འགན་འཁྲི་གཟི་བརྗིད་ལྡན་ཞིང་ལས་འགན་ཧ་ཅང་ལྗིད། ང་ཚོས་ཐེངས་འདིའི་བརྗོད་དོན་སློབ་གསོ་གོ་སྐབས་སུ་བརྩིས་ནས། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པར་ཤུགས་སྣོན་པ་དང་། ཏང་ཡོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་གཏོང་བ། ཏང་གི་སྲིད་སྐྱོང་ནུས་པ་དང་མགོ་ཁྲིད་ཆུ་ཚད་རྒྱུན་མ་ཆད་པར་ཇེ་ཆེར་བཏང་སྟེ། སྐྱོད་ལམ་གསར་པར་འབད་འཐབ་བྱེད་པར་སེམས་སྒྲིལ་ཤུགས་སྡུད་དང་ངར་སྐྱེད་འབད་འཐབ། དཔའ་སྐྱེད་མདུན་སྐྱོད་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཞེས་ནན་གྱིས་བསྟན།
ཟླ4པའི་ཚེས3ཉིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ལིས་ཆང་དང་ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་བཅས་སོགས་གྲོས་ཚོགས་ལ་ཞུགས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཚའེ་ཆི་ཡིས་སྤྱི་སྡོམ་གསུང་བཤད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་གཙོ་བོར་བཟུང་སྟེ་ཏང་ཡོངས་སུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་ནི། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐབས་ཤེས་གལ་ཆེན་ཡིན་ཞིང་། ཏང་ཡོངས་ཀྱི་བསམ་བློ་གཅིག་གྱུར་བྱེད་པ་དང་། ཏང་ནང་དུ་གནས་པའི་འབུར་ཐོན་གནད་དོན་ཐག་གཅོད་པ། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་དུས་གཏན་དུ་སྲུང་འཛིན་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན། ཐེངས་འདིའི་བརྗོད་དོན་སློབ་གསོ་སྤེལ་སྐབས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གཏིང་ཟབ་ཅིང་གཟབ་ནན་གྱིས་སློབ་སྦྱོང་དང་ལག་བསྟར་བྱེད་པར་སྡུག་རུས་སྤྱད་དེ། ཏང་ཡོན་དང་ལས་བྱེད་པས་བསམ་བློའི་སྟེང་རྩ་བཅོས་ཁུངས་སེལ་དང་ལུས་གསོ་ཟུངས་སྐྱེད་བྱེད་པར་སློབ་གསོ་བཏང་ཞིང་ཁྲིད་སྟོན་བྱས་ཏེ། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་རྒྱུན་མ་ཆད་པར་ཇེ་ཆེར་བཏང་ཞིང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་པ་བཅས་བྱས་ནས། དུས་ནམ་ཡང་བསམ་བློའི་སྟེང་དང་ཆབ་སྲིད་སྟེང་། བྱ་སྤྱོད་སྟེང་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་སྲུང་འཛིན་བྱས་ཏེ། བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་སྟོབས་ཤུགས་ཕྱོགས་གཅིག་ཏུ་བཏོན་ནས། མཉམ་དུ་ཏང་འདི་ཉིད་རྒོལ་ཚད་གཏོར་བ་དང་འཐབ་ཚད་རྒྱལ་བའི་སྲ་མཁྲེགས་ཀྱི་རྣོ་ལྕགས་ལེབ་མོ་ལྟ་བུ་ཞིག་ཏུ་རྡུང་བཟོ་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དགོངས་པ་སློབ་པ་དང་ལག་ལེན་དུ་བསྟར་བར་སློབ་གསོ་བཏང་ཞིང་ཁྲིད་སྟོན་བྱས་ཏེ། ཡང་དག་པའི་དབང་ཆའི་ལྟ་བ་དང་སྲིད་འབྲས་ལྟ་བ། བྱ་གཞག་ལྟ་བ་བཅས་བཅངས་པ་དང་། འགན་འཁྲིའི་འདུ་ཤེས་དང་འགན་ཁུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ནུས་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ནུས། ཉེན་ཁ་འགོག་སེལ་བྱེད་པའི་འཇོན་ནུས་བཅས་རྒྱུན་མ་ཆད་པར་ཇེ་ཆེར་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ནུས་རྒྱུད་དུ་ལེན་པར་ཤུགས་སྣོན་པ་བཅས་བྱས་ཏེ། བློ་བརྟན་ཡར་བརྩོན་དང་ཁག་ཁུར་དོན་སྒྲུབ་ཀྱི་ཟུངས་ཤུགས་བསྐྱེད་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་གནད་དོན་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ཏེ། མི་འདང་ས་འཚོལ་བ་དང་བར་ཁྱད་འཚོལ་བ། ཁ་ཕྱོགས་གསལ་བར་བྱེད་པ། ཆབ་སྲིད་ཀྱི་བརྟག་བཤེར་དང་དུ་ལེན་པ། ཆབ་སྲིད་ཀྱི་ཐལ་རྡུལ་གཙང་མར་ཕྱགས་པ། བྱ་སྤྱོད་ཀྱི་ནོར་འཁྲུལ་ཡོ་བསྲང་བྱེད་པ། བསམ་བློ་མི་གཙང་བ་དང་རྩ་འཛུགས་མི་གཙང་བའི་ཐད་དུ་གནས་པའི་འབུར་ཐོན་གནད་དོན་ཐག་གཅོད་པ། ཏང་གི་རང་ངོས་གཙང་སྒྱུར་དང་རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་མཐོར་འདེགས་བཅས་ཀྱི་ནུས་པ་རྒྱུན་མ་ཆད་པར་ཇེ་ཆེར་བཏང་སྟེ། ང་ཚོའི་ཏང་འདི་ཉིད་ལ་དུས་ནམ་ཡང་སྐྱེ་སྟོབས་དང་གསོན་ཤུགས་ཆེན་པོས་ཁེངས་པར་བྱས་ནས། དུས་ནམ་ཡང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་མགོ་ཁྲིད་སྲོག་ཤིང་སྟོབས་ལྡན་དུ་འགྱུར་བར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐེངས་འདིའི་བརྗོད་དོན་སློབ་གསོ་སྤེལ་སྐབས་དགོངས་པ་སློབ་པ་དང་ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་གཙིགས་སུ་འཛིན་པ། བྱས་རྗེས་གསར་པ་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱ་སེམས་ལ་དམ་པོར་འཛིན་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་བསླབ་སྟེ་གོ་བ་ལེན་པ་དང་། དགོངས་པ་འདིའི་གཞི་རྩའི་ལྟ་བ་དང་ཚན་རིག་མ་ལག་ཕྱོགས་ཡོངས་ནས་ཆ་ཚང་བར་སེམས་ལ་ངེས་པར་བྱེད་པ། དགོངས་པ་འདིའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བར་རྒྱུས་ལོན་བཟང་བོ་བྱེད་པ། འདིའི་ཁྲོད་དུ་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་རྒྱུན་འཁྱོངས་བཟང་བོ་དང་བཀོལ་སྤྱོད་བཟང་བོ་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་ཐད་ཀྱི་ཆབ་སྲིད་མོས་མཐུན་དང་བསམ་བློའི་མོས་མཐུན། གཞུང་ལུགས་མོས་མཐུན། བརྩེ་སེམས་མོས་མཐུན་བཅས་རྒྱུན་མ་ཆད་པར་ཇེ་ཆེར་བཏང་སྟེ། མར་ཁེ་སི་རིང་ལུགས་ཀྱི་ནུས་རྩལ་འཇོན་ཐང་ངེས་པ་དོན་གྱིས་རྒྱུད་དུ་བླངས་ནས། རང་རྟོགས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བྱ་བ་སྣ་ཚོགས་ལ་མཛུབ་སྟོན་བྱེད་དགོས། རང་རྟོགས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཀོལ་ནས་རང་སྣང་འཇིག་རྟེན་སྒྱུར་བཀོད་བྱེད་པ་དང་། དགོངས་པ་འདིའི་ཕུགས་བསམ་དད་མོས་ཇེ་བརྟན་དུ་གཏོང་བ་དང་། བསམ་བློའི་གོ་རྟོགས་ཇེ་མཐོར་གཏོང་བ། ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་པ་སོགས་ཀྱི་བླང་བྱ་རབ་དང་རིམ་པར་གོ་བ་ཟབ་མོ་བླངས་ཏེ། དུས་གཏན་དུ་གུང་ཁྲན་ཏང་མིའི་ཆབ་སྲིད་རང་མདངས་སྲུང་འཛིན་བྱེད་དགོས། རང་རྟོགས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་བྱས་ནས། དེ་ཕྱི་ཡུལ་འཇིག་རྟེན་ལ་སྒྱུར་བཀོད་བྱེད་པ་དང་ལས་དོན་གོང་འཕེལ་ལ་སྐུལ་འདེད་གཏོང་བར་བཀོལ་བ་དང་། དུས་རབས་ལ་ལྟ་ཞིབ་དང་དུས་རབས་ལ་སྟངས་འཛིན། དུས་རབས་ལ་སྣེ་ཁྲིད་བཅས་བྱེད་པར་བཀོལ་ནས། ཧུར་ཐག་གིས་འགྱུར་ལྡོག་ཤེས་པ་དང་འགྱུར་ལྡོག་ལ་བསྟུན་པ། འགྱུར་ལྡོག་སྙེག་པ་བཅས་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཏང་གི་འཛུགས་སྐྲུན་ཁྲོད་གནས་པའི་འགལ་བ་དང་གནད་དོན་སྣ་ཚོགས་ཐག་གཅོད་པ་དང་། ཉེན་ཁ་ཆེན་པོ་འགོག་སེལ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འཕེལ་རིམ་གསར་པ་དང་བརྒལ་གཏོར་གསར་པ་འབྱུང་བར་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལས་འབད་འབུངས་ཡར་བརྩོན་གྱི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ་དང་། དེའི་ནང་དུ་འདུ་བའི་མགོ་ཁྲིད་བྱེད་སྟངས་དང་བསམ་བློ་གཏོང་སྟངས། བྱ་བ་སྒྲུབ་སྟངས་བཅས་བྱང་ཆ་ལྡན་པར་རྒྱུད་དུ་བླངས་ཏེ། འགན་འཁྲི་ལག་བསྟར་ཀྱི་ནུས་པ་དང་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་གཏོང་བ་དང་། སེམས་སྒྲིལ་ཤུགས་སྡུད་ཀྱིས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ། མདུན་སྐྱོད་ལྷོད་མེད་ཀྱིས་དོན་འཁྱོལ་འཛིན་པ། ལས་རྐང་ལ་རྐང་བཙུགས་ཏེ་བྱས་རྗེས་འབུལ་བ་བཅས་བྱས་ནས། འབད་བརྩོན་ཆེན་པོས་ལོ་རྒྱུས་དང་མི་དམངས་ཀྱི་དཔྱད་ཞིབ་ཐེག་པའི་གྲུབ་འབྲས་དངོས་བསྐྲུན་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་བརྗོད་དོན་སློབ་གསོ་སྤེལ་བའི་རྩ་བའི་ལས་འགན་ནི་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་འདི་ཕུགས་བསམ་ཇེ་བརྟན་དུ་གཏོང་བ་དང་། ཏང་གཤིས་སྦྱོང་བརྡར་བྱེད་པ། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོར་བསྒྱུར་ནས། ཏང་ཡོངས་ལ་དུས་གཏན་དུ་གཅིག་གྱུར་གྱི་བསམ་བློ་དང་འགྱུར་མེད་ཀྱི་བློ་སྟོབས། མཐུན་སྦྱོར་གྱི་འགུལ་སྐྱོད་བཅས་སྲུང་འཛིན་བྱེད་དུ་བཅུག་སྟེ། འབད་བརྩོན་ཆེན་པོས་བསླབ་ནས་བློ་སྦྱོང་བྱེད་པ་དང་། བསམ་ནས་བློ་རིག་བསྐྱེད་པ། བསླབ་ནས་ཀུན་སྤྱོད་བསྲང་བ། བསླབ་ནས་བྱ་བར་སྐུལ་བ་བཅས་ཀྱི་ཐད་དུ་ཕན་འབྲས་དངོས་ལེན་དགོས། སེམས་སྒྲིལ་བློ་སྦྱོང་བྱས་ཏེ་རྩ་བ་བརྟན་ཚུགས་ཡོང་བར་བྱེད་དགོས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་བསམ་བློ་བློ་སྦྱོང་དང་བསམ་པའི་ཞུན་བརྡར་མྱོང་བར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ཏེ། མར་ཁེ་སི་རིང་ལུགས་ལ་བཅངས་པའི་དད་མོས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་བཅངས་པའི་དད་སེམས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བཅངས་པའི་ཡིད་ཆེས་བཅས་ཇེ་བརྟན་དུ་བཏང་ཞིང་། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱས་ཏེ། ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་བྱེད་པ། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པར་བྱས་ཏེ། དད་མོས་ཀྱི་རྨང་གཞི་བརྟན་འཛུགས་དང་། སྙིང་སྟོབས་ཀྱི་འཚོ་བཅུད་ཟབ་འདྲེན། བསམ་བློའི་ཁ་ཕྱོགས་བརྟན་སྲུང་བཅས་བྱེད་དགོས། གཤིས་སྤྱོད་སྦྱོང་བརྡར་བྱས་ཏེ་ལྷག་བསམ་ཇེ་ཆེར་གཏོང་དགོས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཆབ་སྲིད་གཤིས་སྤྱོད་སྦྱོང་བརྡར་བྱེད་པར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ཏེ། ཏང་གི་དར་ཆ་དར་ཆ་རུ་འཛིན་པ་དང་། ཏང་གི་འདོད་བློ་འདོད་བློར་འཛིན་པ། ཏང་གི་འགན་འཁྲི་འགན་འཁྲིར་བརྩིས་ཏེ། དུས་གཏན་དུ་ཏང་ལ་བློ་དཀར་བ་དང་། མི་དམངས་ལ་བློ་དཀར་བ། མར་ཁེ་སི་རིང་ལུགས་ལ་བློ་དཀར་བ་བཅས་བྱས་ནས། སེམས་གཏིང་ནས་ཏང་ལ་དགའ་བ་དང་། དུས་རྟག་ཏུ་ཏང་ལ་སེམས་ཁུར་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཏང་ལ་སྲུང་སྐྱོབ་བྱེད་པ། སྟོབས་ཤུགས་ཡོད་རྒུས་ཏང་དར་རྒྱས་སུ་གཏོང་བ་བཅས་བྱེད་དགོས། དངོས་སྒྲུབ་ཁག་ཁུར་བྱས་ཏེ་འཕེལ་རྒྱས་ལ་ཡར་སྐུལ་བྱེད་དགོས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རྒྱལ་ཁབ་ཀྱི་དོན་ཆེན་སེམས་སུ་འཛིན་པར་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱས་ཏེ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་གི་ལས་འགན་གཙོ་བོར་དམ་དུ་དམིགས་ནས། དངོས་འཛིན་དངོས་སྒྲུབ་དང་ཕན་འབྲས་དངོས་གཉེར། གནད་དོན་ལ་དམིགས་པ་དང་དཀའ་ངལ་ལ་མ་འཛེམས་པར་མདུན་དུ་བསྐྱོད་དེ། དུས་ཡུན་སྐད་ཅིག་ཙམ་ལ་ཡང་ལྷོད་གཡེང་དུ་མི་གཏོང་བའི་འགན་འཁྲིའི་འདུ་ཤེས་དང་ཧུར་ཐག་གིས་ཁག་ཁུར་དངོས་སྒྲུབ་བྱེད་པའི་ཟུངས་ཤུགས་ལ་བརྟེན་ནས་ཏང་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་ལག་བསྟར་བཟང་བོ་བྱེད་དགོས་ཤིང་། རྣམ་པ་གསར་པ་དང་གྲུབ་འབྲས་གསར་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་སྟེ། ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་ལས་དོན་གོང་འཕེལ་གྱི་ཡུལ་ཁམས་གསར་པ་འབྱེད་དགོས། དམིགས་འདུན་ལག་བསྟར་བྱས་ཏེ་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་བློ་བརྟན་པོར་བཅངས་པར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ཏེ། ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཡོད་ཚད་མི་དམངས་ལ་བརྟེན་དགོས་པ་རྒྱུན་འཁྱོངས་ཀྱིས་ཇུས་གཞི་མི་དམངས་ལ་འདྲི་བ་དང་། དགོས་མཁོ་མི་དམངས་ལ་དྲིས་ནས། དུས་རྟག་ཏུ་མི་དམངས་དངསྐྱིད་སྡུག་མཉམ་མྱོང་དང་ལས་དབང་གཅིག་འབྲེལ། སེམས་པ་གཅིག་འབྲེལ་བཅས་བྱེད་པ། མི་དམངས་མང་ཚོགས་ཀྱི་ཉེན་འགག་དཀའ་སྒུག་གི་གནད་དོན་ཧུར་ཐག་གིས་ཐག་གཅོད་པ་དང་། དམངས་ཚིས་ལ་ཕན་པ་དང་དམངས་སེམས་དྲོ་བ། དམངས་བློ་དང་མཐུན་པ་བཅས་ཀྱི་བྱ་བ་མང་ཚོགས་ཀྱི་འདོད་པ་བཞིན་སྒྲུབ་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་ཆེར་གཏོང་དགོས། སྤྱོད་གཙང་བཀའ་བརྩི་བྱས་ནས་དར་སྲོལ་གསར་པ་འཛུགས་དགོས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་། སྒྲིག་ལམ་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ཏེ། སྤྱོད་ངན་བཞི་བསྟུད་མར་ཡོ་བཅོས་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་ཡོ་བཅོས་བྱེད་པ་དེ་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་འཇོག་པ། དྲང་གཞག་གིས་དབང་ཆ་བཀོལ་བ་དང་ཁྲིམས་ལྟར་དབང་ཆ་བཀོལ་བ། མི་དམངས་ཀྱི་ཆེད་དུ་དབང་ཆ་བཀོལ་བ། སྤྱོད་གཙང་སྒོས་དབང་ཆ་བཀོལ་བ་བཅས་བྱས་ཏེ། དྭངས་གཙང་གི་བློ་མཐུན་གྱི་འབྲེལ་བ་དང་ཚུལ་ལྡན་གྱི་གོང་འོག་གི་འབྲེལ་བ། མཛའ་གཙང་གཅིག་གྱུར་གྱི་སྲིད་ཚོང་གི་འབྲེལ་བ་གསར་པ་བཅས་ཆགས་པར་སྐུལ་འདེད་བཏང་ནས། ཆབ་སྲིད་སྐྱེ་ཁམས་དང་སྤྱི་ཚོགས་དར་སྲོལ་བཟང་བོའི་སྣེ་ཁྲིད་པ་དང་གསར་གཏོད་པ། སྲུང་སྐྱོབ་པ་བཅས་བཟང་བོར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐེངས་འདིའི་བརྗོད་དོན་སློབ་གསོ་ལ་དུས་རིམ་མི་བགར་ཞིང་གོ་རིམ་མི་འབྱེད་པར། གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་སྐུལ་འདེད། ཞིབ་བཤེར་དག་བཅོས་བཅས་ཟུང་སྦྲེལ་བྱས་ཏེ་ནུས་ལྡན་མཉམ་འདྲེས་དང་གཞི་གཅིག་སྐུལ་སྤེལ་ཡོང་བར་བྱེད་དགོས། མ་རྩོམ་ཀློག་པ་དང་མ་ཡིག་སློབ་པ། མ་དོན་རྟོགས་པ་བཅས་རྒྱུན་འཁྱོངས་བྱེད་པ་དང་། བསམ་གཞིགས་མང་དུ་གཏོང་རྒྱུ་དང་ཟབ་སྦྱོང་མཐིལ་རྟོགས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་མ་ལག་དང་དགོངས་དོན་སྙིང་བོ། ལག་ལེན་བླང་བྱ་བཅས་ཆ་ཚང་བར་བསླབ་ནས་གོ་བ་ལེན་པ་དང་། ཡོངས་སུ་ཆ་རྒྱུས་ཡོད་པ་དང་གསལ་བོར་ཤེས་ཤིང་བྱང་ཆུབ་པར་བྱེད་དགོས། ཏང་ཀྲུང་དབྱང་གི་ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་གི་སྲོལ་རྒྱ་ཆེར་དར་བར་བྱེད་པའི་བྱ་བའི་ཇུས་གཞི་གཞིར་བཟུང་སྟེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། ལྷག་པར་དུ་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་རྩ་འཛུགས་བྱས་ཏེ་གཞི་རིམ་དང་ལས་ཡུལ་དང་བོར་སོང་ཞིང་། ཞིང་སྡེ་དང་སྡེ་ཁུལ། ཁེ་ལས། སྨན་ཁང་། སློབ་གྲྭ། གསར་པ་གཉིས་ཀྱི་རྩ་འཛུགས་སོགས་གཞི་རིམ་ལས་ཁུངས་སུ་བསྐྱོད་དེ། རྒྱུས་ལོན་འདྲི་བརྟག་དང་ཞིབ་བཤེར་དཔྱད་བཅོས། གནད་དོན་གསལ་བཀྲོལ། དཀའ་གནད་གྲལ་བཤེར་བཅས་བྱས་ནས། ཏང་གི་གསར་གཏོད་གཞུང་ལུགས་བཀོལ་ནས་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཞེས་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོ་འདི་ལ་དམ་དུ་དམིགས་ནས། གཞུང་ལུགས་སློབ་སྦྱོང་གིས་འཕེལ་རྒྱས་ཀྱི་ལག་ལེན་ལ་མཛུབ་སྟོན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། བརྟག་དཔྱད་ཞིབ་འཇུག་ཟབ་མོར་སྤེལ་ནས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་པར་སྐུལ་འདེད་གཏོང་བ། སློབ་སྦྱོང་དང་བརྟག་དཔྱད་ཏང་གི་ཚོགས་ཆེན་ཉི་ཤུ་པས་བཀོད་སྒྲིག་བྱས་པའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པའི་ཁྲོད་དུ་དོན་འཁྱོལ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་གསར་པས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་དཔྱད་ཞིབ་བྱེད་དགོས། སློབ་སྦྱོང་བྱེད་ཞོར་དུ་ལྟ་སྡུར་བྱེད་ཞོར་དང་། འཚོལ་བཤེར་བྱེད་ཞོར། དག་ཐེར་བྱེད་ཞོར་བཅས་བྱས་ཏེ། གནད་དོན་དག་ཐེར་དེ་བརྗོད་དོན་སློབ་གསོའི་མགོ་མཇུག་བར་གསུམ་དུ་སྦྲེལ་ནས། མི་དམངས་མང་ཚོགས་ལ་གནད་དོན་ཐག་བཅད་པའི་ཕན་འབྲས་དངོས་སུ་མྱོང་དུ་འཇུག་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་བརྗོད་དོན་སློབ་གསོའི་ཁྲོད་དུ་ལས་ཁུངས་དང་ཁོངས་གཏོགས་ནང་ཁུལ་གྱི་ལས་བྱེད་དཔུང་སྡེའི་སློབ་གསོ་དག་ཐེར་དམ་འཛིན་བཟང་བོ་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་བརྗོད་དོན་སློབ་གསོ་ནི་ཁྱོན་ཡོངས་དང་འབྲེལ་བའི་དོན་ཆེན་ཞིག་ཡིན་པ་དང་། དུས་ཚོད་ཐུང་ལ་ལས་འགན་ལྕི་བ་དང་བླང་བྱ་མཐོ་བས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་ འགན་འཁྲི་གཙོ་བོ་འཁུར་ནས། བརྗོད་དོན་སློབ་གསོར་ཇུས་འགོད་ཡག་པོ་ དང་རྩ་འཛུགས་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱེད་དགོས། ཏང་ཨུ་དང་ཏང་ཙུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོས་འགན་འཁུར་བ་གཙོ་བོའི་འོས་འགན་ཏན་ཏིག་ངང་བསྒྲུབ་ནས། རང་ཉིད་ངོ་མས་ཇུས་འགོད་དང་མདུན་སར་སོང་ནས་བཀོད་འདོམས། ལྟ་སྐུལ་མཛུབ་སྟོན་བཅས་བྱེད་དགོས། ཀྲུང་དབྱང་གིས་སློབ་སྟོན་ཚན་ཆུང་མངགས་ནས་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ལ་ལྟ་སྐུལ་དང་མཛུབ་སྟོན་བྱེད་དགོས། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཏང་ཨུ་དང་ལས་རིགས་ཁོངས་གཏོགས་ གཙོ་གཉེར་སྡེ་ཁག་གི་ཏང་ཙུའུ་དང་ཏང་ཨུ་ཡིས་སྐོར་སྐྱོད་མཛུབ་སྟོན་ཚན་ཆུང་མངགས་ནས། ཁོངས་གཏོགས་ས་ཁུལ་དང་སྡེ་ཁག ལས་ཁུངས་བཅས་ལ་ལྟ་སྐུལ་མཛུབ་སྟོན་བྱ་རྒྱུར་ཤུགས་སྣོན་དགོས། ས་ཁུལ་དང་སྡེ་ཁག ལས་ཁུངས་སོ་སོས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ནས། བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་རྒྱུ་དང་། རང་ས་ཁུལ་དང་རང་སྡེ་ཁག རང་ལས་ཁུངས་ བཅས་ཀྱི་བྱ་བ་གཙོ་བོར་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ནས། ཕྱོགས་གཉིས་ཀ་དམ་འཛིན་དང་ཕྱོགས་གཉིས་ཀར་སྐུལ་འདེད་བཏང་སྟེ། ཏང་ཡོན་དང་ལས་བྱེད་པའི་སློབ་སྦྱོང་དང་བྱ་བའི་སྤྲོ་སེམས་འཕེལ་བར་བྱེད་རྒྱུ་དེ་མཁྲེགས་གཏོར་དཀའ་སེལ་དང་ལས་སྒྲུབ་ལས་སྐྲུན་གྱི་སྒུལ་ཤུགས་ཆེན་པོ་རུ་འགྱུར་བར་བྱེད་དགོས།
ཟླ4པའི་ཚེས3ཉིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཚའེ་ཆི་ཡིས་སྤྱི་སྡོམ་གསུང་བཤད་གནང་།
ཚའེ་ཆི་ཡིས་སྤྱི་སྡོམ་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ནས། བརྗོད་དོན་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་དང་དམིགས་འབེན་བླང་བྱ་རྒྱས་བཤད་གཏིང་ཟབ་གནང་བ་དང་། བརྗོད་དོན་སློབ་གསོའི་བྱ་བ་སྣ་ཚོགས་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་གནང་ཡོད་ཅིང་། ཏང་ཡོངས་ཀྱིས་བརྗོད་དོན་སློབ་གསོ་སྤེལ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པས། ཏང་ཡོངས་ཀྱི་བློ་མཐུན་ཚོས་དེར་སློབ་སྦྱོང་བྱེད་པ་དང་གོ་བ་ནན་མོ་བླངས་ནས་ཇི་མ་ཇི་བཞིན་གྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་ཡག་པོ་བྱེད་དགོས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུར་ཁྱོན་ཡོངས་ནས་ཤུགས་བསྣན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བླ་སྲོག་བསྐྲུན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ནས། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་སྔར་ལས་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་པ་བཅས་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་གི་སྲོལ་རྒྱ་ཆེར་དར་བར་བྱས་ནས། ཏང་གི་རིགས་པའི་གཞུང་ལུགས་སྤྱད་དེ་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད། ཉམས་མྱོང་གསར་པ་སྤྱི་སྡོམ་བཅས་བྱེད་དགོས། གནད་དོན་དག་ཐེར་ཡོ་བསྲང་དེ་བརྗོད་དོན་སློབ་གསོའི་མགོ་མཇུག་བར་གསུམ་ཁྱབ་པར་བྱས་ཏེ། གནད་དོན་ལ་དམིགས་ནས་སློབ་སྦྱོང་བྱེད་པ་དང་གནད་དོན་ཐག་གཅོད་པའི་ཆེད་དུ་སློབ་སྦྱོང་བྱེད་པ། གནད་དོན་ལ་དམིགས་ནས་དག་ཐེར་བཅས་བྱེད་དགོས། དངོས་འཛིན་དངོས་སྒྲུབ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སྟེང་ཡག་པོར་བསྐྱོད་ནས། སྒོ་འབྱེད་རྣམ་པའི་སློབ་གསོ་སྤེལ་རྒྱུ་རྒྱུན་འཁྱོངས་དང་། མང་ཚོགས་ཀྱི་བྲེལ་འགག་དཀའ་སྒུག་གནད་དོན་ཐག་གཅོད་བྱས་ཏེ། མང་ཚོགས་ལ་ཕན་འབྲས་དངོས་ཐོབ་པར་བྱེད་དགོས། མགོ་ཁྲིད་ཀྱི་འགན་འཁྲི་སྔར་ལས་ཇེ་དམ་དུ་གཏོང་བ་དང་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་བསྣན་ནས། བརྗོད་དོན་སློབ་གསོའི་ལས་འགན་ཚང་མ་ཕུན་སུམ་ཚོགས་པོའི་ངང་ཡོངས་འགྲུབ་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ཡོན་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཚོགས་འདུར་ཞུགས།
ཐེངས་འདིའི་ཚོགས་འདུ་བརྙན་ལམ་ནས་བསྡུས་ཤིང་། ཀྲུང་དབྱང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོ་དང་། ཞིང་ཆེན་གཞོན་པ་རིམ་པའི་གྲོང་ཁྱེར། ཞིན་ཅང་འཛུགས་སྐྲུན་དམག་སྡེ་བཅས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མི་དམངས་ཚོགས་པ་སོ་སོ། ཀྲུང་དབྱང་གིས་དོ་དམ་བྱེད་ཀྱིན་པའི་དངུལ་རྩའི་ལས་ཁུངས་དང་ཁེ་ལས་རེ་འགའ། མཐོ་རིམ་སློབ་གྲྭ། དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། བརྗོད་དོན་སློབ་གསོའི་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་སོ་སོའི་ཚན་གཙོ་དང་ཚན་གཙོ་གཞོན་པ་བཅས་ཚོགས་འདུར་ཞུགས།