སྐབས་གསུམ་པའི་མཚོ་སྔོན་གྱི་མིག་དཔེ་དྲིལ་སྒྲོག་ཁྱབ་བསྒྲགས་བྱེད་པའི་བྱ་འགུལ་སྤེལ།
2023.04.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་བཞི་པའི་ཚེས་བཞི་ཉིན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་འགན་སྒྲུབ་བྱས་པའི་སྐབས་གསུམ་པའི་མཚོ་སྔོན་གྱི་མིག་དཔེ་དྲིལ་སྒྲོག་ཁྱབ་བསྒྲགས་བྱ་འགུལ་ཟི་ལིང་ནས་སྤེལ། མཚོ་བོད་ལྕགས་ལམ་སྤྱི་བདེ་ཅུའུ་ན་གོར་མོའི་སྤྱི་བདེ་ཁྲུའུ་ཐོ་ཐོ་གཙང་བོའི་ས་ཚིགས་མངག་གཏོང་ཁང་དང་། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་མི་དམངས་ཁྲིམས་ཁང་གི་ཁྱིམ་དོན་འདྲི་གཅོད་དཔུང་ཁག་ལ་སྐབས་གསུམ་པའི་མཚོ་སྔོན་གྱི་མིག་དཔེ་ཞེས་པའི་མཚན་སྙན་ཐོབ།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྱིས་མཚོ་སྔོན་གྱི་མིག་དཔེའི་མཚན་སྙན་ཐོབ་པའི་འཐུས་མིར་ཐུག་འཕྲད་བྱས། ཁོས་བསྟན་དོན། རླབས་ཆེན་གྱི་དུས་རབས་ཀྱིས་རླབས་ཆེན་གྱི་བསམ་བློར་དྲན་སྐུལ་བྱེད་ལ། རླབས་ཆེན་ལས་དོན་སྒྲུབ་པར་མིག་དཔེས་སྣེ་ཁྲིད་མཁོ། མཚོ་སྔོན་གྱི་མིག་དཔེ་དྲིལ་སྒྲོག་ཁྱབ་བསྒྲགས་ཀྱི་བྱ་འགུལ་སྤེལ་བའི་རིང་། སྤྱི་ཚོགས་ཀྱི་རྣམ་པ་ཇེ་ལེགས་དང་དཔྱད་གླེང་ཕན་ནུས་ཐོན་ཡོད་ལ། མི་སེམས་འགུལ་བའི་མིག་དཔེ་གང་མང་ཞིག་ཀྱང་ཤེས་རྟོགས་བྱུང་། མཚོ་སྔོན་གྱི་མིག་དཔེར་གྱུར་པའི་སྔོན་ཐོན་མཛད་རྗེས་ལ་སློབ་སྦྱོང་དང་དེ་དྲིལ་སྒྲོག་བྱས་ཏེ། མིག་དཔེས་སྣེ་ཁྲིད་པ་དང་མིག་དཔེ་ཚད་གཞི་རུ་བཟུང་ནས། མཚོ་སྔོན་ལ་གཅེས་སྐྱོང་དང་། མཚོ་སྔོན་འཛུགས་སྐྲུན། མཚོ་སྔོན་ལ་བྱས་རྗེས་འབུལ་བའི་དུས་རབས་རླབས་སྒྲ་ཕྱོགས་ཀུན་ཁྱབ་པར་བྱེད་དགོས། ལྷག་བསམ་རྣམ་དག་གིས་གཏམ་རྒྱུད་བཟང་པོར་འཆད་པ་དང་སྣང་བརྙན་ལེགས་པོར་བསྐྲུན་ཏེ། མིག་དཔེར་ཡིད་རྟོན་གཅེས་བཀུར་དང་སློབ་སྦྱོང་བྱེད་རུང་བ་བྱེད་དགོས་ལ། མིག་དཔེ་མིང་དོན་དང་མཚུངས་པར་བྱེད་དགོས། མིག་དཔེའི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ཏེ། གཤིས་བཟང་གཞུང་དྲང་དར་སྤེལ་དང་དྲང་ཕྱོགས་སྟོབས་ཤུགས་བརྒྱུད་སྒྲོག་བྱེད་དགོས་ལ།  ཉེ་འཁོར་གྱི་མི་ཚང་མ་བཟང་ཕྱོགས་སུ་འཕེལ་བར་སྐུལ་སློང་བྱས་ནས།  དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

ཁྱབ་བསྒྲགས་བྱ་འགུལ་སྤེལ་སྐབས་བརྙན་ཐུང་ལ་བལྟ་བ་དང་། བརྗེ་རེས་གླེང་མོལ། རིག་རྩལ་འཁྲབ་སྟོན་སོགས་ཐབས་མང་བོ་སྤྱད་ནས་ཐོ་ཐོ་གཙང་བོའི་ས་ཚུགས་མངག་གཏོང་ཁང་དང་། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་མི་དམངས་ཁྲིམས་ཁང་གི་ཁྱིམ་དོན་འདྲི་གཅོད་དཔུང་ཁག་གི་མི་སེམས་འགུལ་བའི་གཏམ་རྒྱུད་དང་།  སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པའི་ལས་བཀུར་སྙིང་སྟོབས་དང་ཁྲིམས་འཛིན་གྱི་དམངས་དོན་བརྩེ་སེམས་སོགས་མངོན་པར་བྱས་པས། ལྟད་མོ་བ་རེ་རེས་ཡིད་འགུལ་ཐེབས་པའི་ཐལ་མོ་རྡེབ་སྒྲས་ཚོགས་ར་ཡོངས་སུ་ཁྱབ།

རྒྱུས་ལོན་པ་ལྟར་ན། དྲིལ་སྒྲོག་ཁྱབ་བསྒྲགས་བྱ་འགུལ་ཏེ་མི་འགྱངས་བར་མཚོ་སྔོན་བརྙན་འཕྲིན་འཕྲིན་ལམ་ནས་གཏང་རྒྱུ་རེད།

རིག་འཛིན་སྒྲོལ་མས་བསྒྱུར།