ཝང་ཞོན་གྱིས་ཧོང་ཀྲུང་ཆུའུ་རུ་རྟོག་ཞིབ་བྱས།
2023.04.06 ཁུངས། ཀློག་གྲངས། 24

ཟླ་བཞི་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་གྱིས་རྟོག་ཞིབ་ཚན་ཁག་ཁྲིད་དེ་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུའུ་རུ་གྲོང་གསེབ་དར་སྤེལ་ཐད་ཆེད་དོན་རྟོག་ཞིབ་བྱས་པར་མ་ཟད་ཡུལ་དངོས་ནས་གཞུང་སྒྲུབ་བྱས་ཏེ་གནད་དོན་ཐག་བཅད།

ཝང་ཞོན་སོགས་ཀྱིས་ཟུར་སྐྱིད་སྡེ་བའི་ཏང་གི་ལོ་རྒྱུས་ཁང་དང་ཞིང་སྡེའི་ཁང་རྙིངབ་། ཐ་མ་ཨར་མཁར་རྙིང་སོགས་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས་པ་དང་བཞུགས་མོལ་ཚོགས་འདུ་བསྡུས་དེ་ཡུལ་དངོས་ནས་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་སྨྱན་བྱད་གསར་བའི་ལྟེ་གནས་ཀྱིས་གྲོང་གསེབ་རིག་གནས་རོགས་སྐྱོར་དང་ཐོན་རྫས་དྲིལ་སྒྲོག་གི་བྱ་བ་སྤེལ་བ་དང་། ན་གཞོན་ཚགས་པར་ཁང་གི་དྲ་ཚོང་སྤྱི་སྟེགས་ཀྱིས་ཞིང་ལས་ཐོན་རྫས་ཕྱིར་འཚོང་བརྒྱུད་ལམ་རྒྱ་སྐྱེད་རོགས་རམ་བྱེད་པ། མཚོ་སྔོན་མི་རིགས་སློབ་ཆེན་ཙོང་ཁ་པ་ཞིབ་འཇུག་གླིང་གི་ཆེད་མཁས་པས་རིག་གནས་ཀྱིས་གྲོང་གསེབ་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་སྣེ་ཁྲིད་བྱེད་པ་བཅས་ལ་ཡུལ་དངོས་ནས་གཞོགས་འདེགས་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་གྲོང་གསེབ་དར་སྤེལ་ཐད་ཀྱི་གནད་དོན་ཐག་བཅད། ཝང་ཞོན་གྱིས་ཧོང་གྲོང་ཆུའུ་ཡི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དུ་བཏང་བའི་གྲུབ་འབྲས་དང་གྲོང་གསེབ་དར་སྤེལ་སྐུལ་འདེད་ཀྱི་བྱ་བའི་ཐད་ནས་བླངས་པའི་གྲབ་འབྲས་ལ་ཁས་ལེན་གང་ལེགས་བྱས།  ཁོ་མོས་ནན་གྱིས་བསྟན་དོན།  སྡེ་བའི་ནང་གི་དོན་དངོས་ལ་གཞིགས་ཏེ་དར་སྤེལ་བྱ་རྒྱུའི་དམིགས་ཡུལ་གསལ་བོ་ཡིན་དགོས།  རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་དང་ཞིང་ཆེན་གྱི་ཞིང་གསུམ་བྱ་བའི་གཙོ་གནད་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཡང་དག་ལེན་དགོས། ཇི་ལྟར་བྱས་ཏེ་ཞིང་ལས་ཐོན་རྫས་ཕྱིར་འཚོང་བྱེད་པ་དང་ཐོན་ལས་དར་རྒྱས་སུ་གཏོང་བ་དང་། འཇོན་མི་ནང་འགུག་བྱེད་པ། སྡེ་དམངས་ཀྱི་བློ་གྲོས་གཅིག་ཏུ་བསྡུ་བ་སོགས་འགག་རྩ་རང་བཞིན་གྱི་གནད་དོན་ཐད་ནས་ཧུར་ཐག་གིས་ཐབས་ལམ་འཚོལ་ཞིབ་བྱས་ཏེ་གྲོང་གསེབ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས། གྲོང་གསེབ་འཕེལ་རྒྱས་ཀྱི་འཆར་འགོད་གྲོང་བརྡལ་དང་ས་ཁུལ་གྱི་འཕེལ་རྒྱས་འཆར་འགོད་ལ་མཉམ་འདྲེས་དང་གཅིག་གྱུར་སྐུལ་འདེད་བྱེད་པའི་མཉམ་ཤུགས་གྲུབ་པར་བྱས་ཏེ་གྲོང་གསེབ་དར་སྤེལ་གྱི་ཇུས་གཞི་མཉམ་བཀོད་བྱེད་པ་དང་བསམ་བཀོད་གཅིག་གི་དགོངས་པ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་གཅིག་ནས་ཐུན་མོང་རང་བཞིན་གྱི་གནད་དོན་ཐག་གཅོད་པ་དང་ཕྱོགས་གཞན་ཞིག་ནས་དམིགས་བསལ་གྱི་དཀའ་ཁག་ཐག་གཅོད་དགོས། ཕྱོགས་མང་པོར་འབྲེལ་བའི་གནད་དོན་ཐད་ནས་ཞིང་ཆེན་དང་གྲོང་ཁྱེར་རིམ་པར་འབྲེལ་མཐུད་གཞོགས་འདེགས་བྱས་ཏེ་གྲོང་གསེབ་འཕེལ་རྒྱས་སྐུལ་འདེད་ཀྱི་སེམས་ཤུགས་གཅིག་ཏུ་བསྡུ་དགོས།

རིག་འཛིན་ཐར་གྱིས་བསྒྱུར།