ཟླ་བཞི་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་གྲོས་མོལ་མཛད།
ཟླ་བཞི་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་གྲོས་མོལ་མཛད།
ཟླ་བཞི་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་གྲོས་མོལ་མཛད།
ཞི་ཅིན་ཕིང་གིས་ཡང་བསྐྱར་མཱ་ཁི་ལུང་རང་རྒྱལ་ལ་འཚམས་འདྲིར་ཡོང་བར་བསུ་མ་བྱས། ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་གིས་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བརྒྱུད་བཞིན་ཡོད་པ་དང་། ཀྲུང་གོ་དང་ཧྥ་རན་སི་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་དང་རང་བཙན་རང་བདག་སྲོལ་རྒྱུན་ལྡན་པའི་རྒྱལ་ཁབ་ཆེན་པོ་ཡིན་པ་དང་། འཛམ་གླིང་སྣ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་གྱི་སྐུལ་འདེད་མཁན་ཡིན་པའི་ཆ་ནས། འགལ་བ་སེལ་ཞིང་འཆིང་རྒྱ་ལས་གྲོལ་བའི་ནུས་པ་དང་འགན་འཁྲི་ཡོད་པས། བརྟན་འཇགས་དང་གཉིས་ཕན། གསར་གཏོད། མདུན་སྐྱོད་བཅས་ཀྱི་ཀྲུང་གོ་དང་ཧྥ་རན་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བྱེད་པ་དང་། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ལ་སྲུང་སྐྱོབ་བྱེད་དགོས།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་ཧུར་ཐག་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བར་གདེང་འཇོག་ཆེན་པོ་གནང་། ཁོང་གིས་བསྟན་དོན། བརྟན་འཇགས་རང་བཞིན་ནི་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་འབུར་ཐོན་ཁྱད་ཆོས་དང་ཉམས་མྱོང་རྩ་ཆེན་ཡིན་པས། ཕྱོགས་གཉིས་ཀྱིས་སེམས་ཞིབ་མོས་སྲུང་སྐྱོབ་བྱེད་འོས་པ་ཡིན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་དང་ཆུ་ཚད་མཐོ་བའི་འབྲེལ་འདྲིས་ཐབས་ལམ་བཀོལ་སྤྱོད་བཟང་བོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་འབྲེལ་འདྲིས་དམ་པོ་བྱེད་པ་སྲུང་འཛིན་བྱེད་པ་དང་། ད་ལོར་ཀྲུང་གོ་དང་ཧྥ་རན་སིའི་འཐབ་ཇུས་དང་དཔལ་འབྱོར་རྒྱུ་ནོར། མི་གཞུང་བརྗེ་རེས་བཅས་རིམ་པ་མཐོ་བའི་གྲོས་མོལ་རྐྱེན་སྲོལ་ཆེན་པོ་གསུམ་གྱི་གྲོས་ཚོགས་གསར་བ་ཞིག་བསྡུ་དགོས། ཕྱོགས་གཉིས་ཀྱིས་ཕ་རོལ་པའི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་བརྩི་འཇོག་བྱེད་དགོས་པ་དང་། ཕ་རོལ་བའི་སྲོག་ཤིང་ཁེ་ཕན་ལ་བརྩི་འཇོག་བྱས་ནས་འོས་འཚམ་སྒོས་འགལ་བ་ཐག་གཅོད་དགོས། གཉིས་ཕན་མཉམ་རྒྱལ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོས་ཤུགས་ཆེན་པོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། དེས་ཧྥ་རན་སི་ཕྱོགས་ལ་སྔར་ལས་ཡངས་པའི་གོ་སྐབས་བཟང་བོ་འདོན་སྤྲོད་བྱེད་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་དང་མཉམ་དུ་ཞིང་ལས་དང་ཟས་རིགས། མཁའ་སྐྱོད་མཁའ་འགྲུལ། དམངས་སྤྱོད་ཉིང་རྡུལ་ནུས་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཞབས་ཞུའི་ཉོ་ཚོང་དང་ལྗང་མདོག་འཕེལ་རྒྱས། ཚན་རྩལ་གསར་སྐྲུན་སོགས་མཉམ་ལས་ཀྱི་འཕར་ས་གསར་བ་གསོ་སྐྱོང་བྱེད་པ་དང་། ཕྱོགས་གཉིས་ཀྱིས་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལྟེ་གནས་མཉམ་སྐྲུན་བྱེད་པ་དང་འཇོན་མི་མཉམ་འབྲེལ་སྐྱེད་སྲིང་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་འདོད་ཡོད། ཧྥ་རན་སི་རྒྱལ་ཁབ་ཀྱིས་ཉིས་སྟོང་ཉེར་བཞི་ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་བརྗེ་རེས་ཚོགས་འདུ་དང་སྐབས་བདུན་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུའི་གཙོ་བདག་རྒྱལ་ཁབ་ཀྱི་འགན་འཁུར་བར་དགའ་བསུ་ཞུ་བ་ཡིན། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་འདྲ་མཉམ་དང་དྲང་གཞག མཐོང་ཆུང་མི་བྱེད་པའི་ཚོང་གཉེར་ཁོར་ཡུག་འདོན་སྤྲོད་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་དང་མཉམ་དུ་སང་ལོར་ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འགོར་བ་དང་ཀྲུང་གོ་དང་ཧྥ་རན་སིའི་རིག་གནས་གནས་སྐོར་ལོ་དང་ཕ་རེ་སིའི་ཨོ་རྩལ་འགྲན་ཚོགས་བསྡུ་བ་གོ་སྐབས་སུ་བཟུང་སྟེ། འབྲེལ་ཡོད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་སྟེ། ཧྥ་རན་སི་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས། འཛམ་གླིང་ཉོ་ཚོང་རྩ་འཛུགས་སོགས་སྣ་མང་རྐྱེན་སྲོལ་ཐད་དུ་འབྲེལ་འདྲིས་དང་རོགས་ལས་དམ་པོ་བྱེད་པ་སྲུང་འཛིན་བྱེད་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་མཉམ་དུ་ལག་ལེན་བྱེད་པ། ལག་རྡང་སྦྲེལ་ཏེ་ནམ་ཟླའི་འགྱུར་ལྡོག་དང་ནུས་ཁུངས་གནད་དོན་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཡིས་ཉིས་སྟོང་ཉེར་ལྔ་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་ཚོགས་ཆེན་བཟང་བོར་བསྡུ་བར་རྒྱབ་སྐྱོར་བྱེད་པ་དང་། ཧྥ་རན་སི་ཕྱོགས་སྐབས་གསུམ་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཞུགས་པར་དགའ་བསུ་ཞུ་བ་ཡིན་ཟེར།
མཱ་ཁི་ལུང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བར་གདེང་འཇོག་ཆེན་པོ་གནང་བ་དང་དེ་མིན་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་གྲོས་གཞི་གལ་ཆེན་བཏོན་པར་ང་རང་ཡོངས་སུ་འཐད་པ་ཡིན། སང་ལོར་ཧྥ་རན་སི་དང་ཀྲུང་གོས་མཉམ་དུ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འགོར་བར་རྟེན་འབྲེལ་ཞུ་རྒྱུ་རེད། ལོ་དྲུག་ཅུའི་རིང་ལ། ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བའི་ཐད་ནས་བརྟན་འཇགས་འཕེལ་རྒྱས་སྲུང་འཛིན་བྱས་ཡོད། ཧྥ་རན་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་གཏོང་སྟངས་མི་འདྲ་ནའང་ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་ལྷག་བསམ་རྣམ་དག་སྒོས་བརྗེ་རེས་བྱས་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་བརྩི་འཇོག་བྱེད་པར་མ་ཟད་ལག་བསྟར་བྱེད་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སྐབས་གསུམ་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་བསྡུ་བཞིན་ཡོད་པ་དང་། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དེའི་ཐད་ནས་མཉམ་ལས་བྱེད་འདོད་ཡོད། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་དམིགས་འབེན་བརྩི་སྲུང་བྱས་ཏེ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐག་གཅོད་པར་ནུས་པ་ཆེན་པོ་བཏོན་པར་གཟེངས་བསྟོད་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་འདྲིས་དང་རོགས་ལས་དམ་པོ་བྱས་ཏེ། ཧུར་ཐག་སྒོས་འཛམ་གླིང་ཡུན་རིང་ཞི་བདེ་དང་བརྟན་འཇགས་ཡོང་བ་མངོན་འགྱུར་བྱེད་པར་རེ་སྒུག་བྱས་ཡོད་ཟེར།
མཱ་ཁི་ལུང་གིས་བསྟན་དོན། ཧྥ་རན་སི་ཕྱོགས་ཀྱིས་རང་བཙན་རང་བདག་གི་ཕྱི་ཕྱོགས་འབྲེལ་བ་རྒྱུན་འཁྱོངས་བྱས་ཏེ། ཡོ་རོབ་གླིང་གིས་འཐབ་ཇུས་རང་བདག་བྱེད་པའི་འདོད་ཚུལ་བརྗོད་པ་དང་། དགྲ་ཟླར་འཛིན་པ་དང་ཁ་བྲལ་གཏོང་བར་ངོ་རྒོལ་བྱེད་པ། དཔུང་ཚོགས་བསྒྲིགས་ཏེ་འགྲན་རྒོལ་བྱེད་པར་ངོ་རྒོལ་བྱེད་པ་ཡིན། ཧྥ་རན་སིས་མཐུན་སྒྲིལ་མཉམ་ལས་བྱེད་པ་དང་རྒྱལ་ཁབ་ཆེན་པོའི་འབྲེལ་བ་བརྟན་འཇགས་སུ་འགྲོ་བ་སྲུང་འཛིན་བྱེད་པ་ཡིན། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་འདྲིས་བཟང་བོ་བྱེད་པ་དང་། ཕན་ཚུན་བར་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པ། སྒོ་འབྱེད་མཉམ་ལས་བྱེད་འདོད་ཡོད། ཧྥ་རན་སི་ཕྱོགས་ཀྱིས་ཧུར་ཐག་སྒོས་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ད་དུང་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཁི་ལན་གནད་དོན་ཐད་འཛིན་པའི་ལངས་ཕྱོགས་གསལ་བོ་ཡིན་པ་དང་། གཙོ་བོ་གྲོས་མོལ་བྱེད་པར་སྐུལ་འདེད་གཏོང་བ་དང་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་དགོས་པའི་འདོད་བློ་བཅངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་ཕྱོགས་ཀྱིས་ཆབ་སྲིད་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་པར་ནུས་པ་འདོན་པར་རྒྱབ་སྐྱོར་བྱེད་པར་མ་ཟད། ཧྥ་རན་སི་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རང་གཅུན་ཐུབ་པའི་ནུས་པ་སྲུང་འཛིན་བྱས་ཏེ། ཉམས་ཉེན་ཛ་དྲག་ཏུ་འགྱུར་བ་དང་ཐ་ན་ཚོད་འཛིན་བྱེད་མི་ཐུབ་པའི་འགུལ་སྤྱོད་སྤེལ་བ་གཏན་འགོག་བྱེད་དགོས་པའི་རེ་འབོད་འདོན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་དང་མཉམ་དུ་དེའི་ཐད་ནས་འབྲེལ་འདྲིས་དམ་པོ་བྱས་ནས། ཉམས་ཉེན་དེ་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་པར་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་འདོད་ཡོད་ཟེར།
མཱ་ཁི་ལུང་གིས་ཧྥ་རན་སི་ཕྱོགས་ཀྱི་ལྟ་ཚུལ་མཚམས་སྦྱོར་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཆབ་སྲིད་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་པར་ནུས་པ་ཆེན་པོ་བཏོན་པར་གཟེངས་བསྟོད་བྱེད་པ་ཡིན། ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་འདྲིས་ལ་ཤུགས་བསྣན་ནས་ཞི་བདེ་དོན་དུ་མཉམ་དུ་འབད་བརྩོན་བྱེད་དགོས་ཟེར།
གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་མཉམ་དུ་ཞིང་ལས་ཟས་རིགས་དང་ཚན་རྩལ། མཁའ་སྐྱོད། དམངས་སྤྱོད་ཉིང་རྡུལ་ནུས་པ། རྒྱུན་མཐུད་འཕེལ་རྒྱས། རིག་གནས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆ་བཀོད་པར་བདེན་དཔང་བྱས།
རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ད་དུང་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་འཕྲད་གནང་།
གྲོས་མོལ་མ་བྱས་པའི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་མཱ་ཁི་ལུང་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།
ཝང་དབྱི་དང་ཆིན་ཀང་སོགས་གོང་གི་བྱ་འགུལ་ལ་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།