མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
2023.04.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་བཞི་པའི་ཚེས་དྲུག་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་བརྗོད་དོན་སློབ་གསོ་དང་བརྟག་བཤེར་ཞིབ་འཇུག་སོགས་སྤེལ་བའི་བྱ་བར་ཞིབ་འཇུག་བྱས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་སྟེང་བཏོན་པའི་རེ་བ་བཅས་རྒྱུད་གཅིག་ཡིན་པ་དང་ཕན་ཚུན་འབྲེལ་མཐུད་བྱས་ཡོད་པས། དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་དུ་འགྲེང་ནས། བརྗོད་དོན་སློབ་གསོའི་དོན་སྙིང་གལ་ཆེན་དང་དམིགས་འབེན་རེ་བ་གསལ་བཤད་ཟབ་མོ་བྱས་པ་དང་། བརྗོད་དོན་སློབ་གསོའི་བྱེད་ཐབས་གཙོ་བོ་དང་རྩ་འཛུགས་འགོ་ཁྲིད་ལ་འགྲེལ་བཤད་གསལ་བོ་བྱས་ལ། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་ཐད་ཕྱོགས་ཡོངས་ནས་སྐུལ་སློང་དང་བཀོད་སྒྲིག་བྱས་པ་དང་། དེར་ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། མཛུབ་སྟོན་རང་བཞིན་ཆེན་པོ་ལྡན་ལ། ང་ཚོས་བརྗོད་དོན་སློབ་གསོ་བཟང་བོར་སྤེལ་བའི་ཐད་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། བློ་མཐུན་ཚའེ་ཆི་ཡི་གསུང་བཤད་ཀྱིས་ཏང་ཡོངས་ཀྱིས་ཇི་མ་ཇི་བཞིན་དུ་ལག་བསྟར་དམ་འཛིན་བྱེད་པའི་ཐད་ནས་བླང་བྱ་གསལ་བོ་བཏོན་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་ཏང་ཀྲུང་དབྱང་གི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་དམ་པོ་བྱེད་པ། བརྗོད་དོན་སློབ་གསོ་ལ་རྩ་འཛུགས་ཞིབ་མོ་བྱེད་པ་དང་དེའི་ཁྲོད་ཟབ་ཞུགས་བྱེད་པ། གཏན་ཁེལ་བྱ་སྤྱོད་དང་རང་འདེམས་བྱ་སྤྱོད་ལ་གཅིག་འདོམས་སྒོས་རྒྱུས་ལོན་བྱེད་པ་དང་མཉམ་དུ་སྐུལ་འདེད་བཏང་སྟེ། བརྗོད་དོན་སློབ་གསོའི་ཐད་ནས་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ཏུ་ནན་གྱིས་བསྟན་དོན། བརྟག་བཤེར་ཞིབ་འཇུག་རྒྱ་ཆེར་སྤེལ་རྒྱུ་ནི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གལ་ཆེན་དང་། བརྗོད་དོན་སློབ་གསོའི་ནང་དོན་གལ་ཆེན་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ་གཙོ་ཐིག་ཏུ་བྱས་ནས་ཞིང་ཆེན་ཡོངས་སུ་བརྟག་བཤེར་ཞིབ་འཇུག་རྒྱ་ཆེར་སྤེལ་བ་དང་། བརྗོད་དོན་སློབ་གསོ་དང་འབྲེལ་མཐུད་བྱས་ནས། ཐ་དད་དུ་འགྱུར་བར་བཀག་འགོག་བྱེད་དགོས། གོང་རིམ་གྱིས་འོག་རིམ་གྱི་སྣེ་ཁྲིད་པ་དང་། འགོ་ཁྲིད་ལས་བྱེད་པ་མིག་དཔེ་རུ་བྱེད་པ། སྲོལ་བཟང་བཀོལ་སྤྱོད་བྱེད་པ་དང་། རྨང་གཞི་བརྟན་པོ་བཏིངས་ནས། དཀའ་གནད་ཆེན་པོ་ཐག་གཅོད་པ་དང་འཕེལ་རྒྱས་གསར་བར་སྐུལ་འདེད་གཏོང་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སྒོ་འབྱེད་ཀྱི་བསམ་ཕྱོགས་དང་བཀའ་འདྲི་ཞུ་བའི་རྣམ་འགྱུར་ལ་བརྟེན་ནས་གནས་ཚུལ་ལ་ཉན་པ་དང་བྱེད་ཐབས་འཚོལ་དགོས། ཡུལ་དངོས་སུ་འགྲོ་བ་དང་། ཕྱི་ཚུལ་རང་བཞིན་གྱི་རྟོག་ཞིབ་གཏན་ནས་བཀག་འགོག་བྱས་ཏེ། རྟོག་ཞིབ་ཁྲོད་སྤྱོད་ཚུལ་བསྒྱུར་དགོས། གཅིག་འདོམས་བཟང་བོ་བྱེད་པ་དང་། ལས་འགུལ་རང་བཞིན་དང་འདུ་རུབ་རང་བཞིན་གྱི་རྟོག་ཞིབ་མི་སྤེལ་བ། འགོ་ཡོད་མཇུག་མེད་བྱེད་པར་བཀག་འགོག་བྱས་ནས། གོ་རིམ་ལྡན་པའི་སྒོ་ནས་རྟོག་ཞིབ་བྱེད་པ་དང་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས། གྲུབ་འབྲས་བསྒྱུར་བར་དོ་སྣང་བྱེད་པ་དང་། རྩིས་སྤྲོད་ཀྱི་བསམ་བློ་མེད་པར་བྱེད་པ། བརྟག་བཤེར་ཞིབ་འཇུག་ལ་ཁ་གཏད་དེ་ཁ་གཏད་རང་བཞིན་ལྡན་པའི་བྱེད་ཐབས་དང་གྲོས་གཞི་བཏོན་ནས། བརྟག་བཤེར་ཞིབ་འཇུག་དེ་བྱ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་སུ་འགྱུར་བར་བྱེད་དགོས།

ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱིས་འགོ་ཁྲིད་ལས་བྱེད་པས་མི་སྒེར་གྱི་འབྲེལ་ཡོད་བྱ་བ་སྙན་ཞུ་འབུལ་བའི་གཏན་ཁེལ་ལ་གྲོས་ཞིབ་བྱས་པ་དང་། ཏང་གི་སྒྲིག་ལམ་ཇེ་དམ་དུ་གཏོང་བ་དང་། ལས་བྱེད་པར་དོ་དམ་དང་ལྟ་སྐུལ་ནན་མོ་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན། འགོ་ཁྲིད་ལས་བྱེད་པས་རྩ་འཛུགས་ལ་མི་སྒེར་གྱི་བྱ་བ་སྙན་ཞུ་འབུལ་བ་དེ་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཐད་ཀྱི་དཔྱད་ཞིབ་ཅིག་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་ལག་བསྟར་བྱས་ནས། གཏན་ཁེལ་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ་དང་། སྙན་ཞུའི་ལམ་ལུགས་ཀྱི་གཟབ་ནན་རང་བཞིན་དང་དབང་ཟིལ་རང་བཞིན་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་རང་རྟོགས་སྒོས་རྩ་འཛུགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་དང་། རྩ་འཛུགས་ལ་མི་སྒེར་གྱི་འབྲེལ་ཡོད་བྱ་བ་ཇི་མ་ཇི་བཞིན་དུ་ཡར་ཞུ་བྱས་ཏེ། ཆབ་སྲིད་ཐད་ནས་བསམ་ཤེས་དང་རྩ་འཛུགས་དང་མི་སྒེར་ལ་འགན་ཁུར་བའི་མི་དྲང་མོ་ཞིག་བྱེད་དགོས། ཞིང་ཆེན་རིམ་པའི་ལས་བྱེད་པས་འགོ་ཁྲིད་དེ་ལག་བསྟར་བྱེད་པ་དང་། དཔེ་མཚོན་གྱིས་བརྩི་སྲུང་བྱེད་པ་དང་གོང་རིམ་གྱིས་འོག་རིམ་གྱི་སྣེ་ཁྲིད་དགོས།

ཚོགས་ཐོག་ཏུ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་གི2023ལོ་ནས2027ལོའི་སྐོར་ཞིབ་བྱ་བའི་འཆར་འགོད་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། བརྗོད་དོན་སློབ་གསོ་དང་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་དངོས་ལ་བརྟེན་ནས། རྒྱལ་ཡོངས་སྐོར་ཞིབ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པར་ཁག་ཐེག་བྱེད་དགོས། སྐོར་ཞིབ་བྱ་བའི་བཀོད་སྒྲིག་གསར་བར་རྒྱུས་ལོན་ཡང་དག་བྱེད་པ་དང་། དབང་ཆ་དང་འགན་འཁྲི་གཙིགས་སུ་འཛིན་པ། འགོ་ཁྲིད་དང་པོ་དང་འགོ་ཁྲིད་ཚན་ཁག་གཙིགས་སུ་འཛིན་པ། མང་ཚོགས་ཀྱི་ཡར་ཞུ་བྱས་པའི་གནད་དོན་གཙིགས་སུ་འཛིན་པ་བཅས་བྱས་ནས། ཆབ་སྲིད་ལྟ་སྐུལ་བྱེ་བྲག་ཅན་དང་གནད་ཕིགས་ཅན། རྒྱུན་རྣམ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། སྐོར་ཞིབ་དག་ཐེར་གྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། དག་ཐེར་གྱི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། དག་ཐེར་གྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ཏེ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དག་ཐེར་ལེགས་བཅོས་དམ་འཛིན་བྱེད་པའི་འགན་འཁྲིའི་སེམས་པ་དང་འཇིགས་སྣང་གི་སེམས་པ་ཇེ་མཐོར་གཏོང་དགོས།

ཚོགས་ཐོག་ནས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་དཔྱད་ཞིབ་ཚོད་ལྟའི་བྱེད་ཐབས་ལ་གྲོས་ཞིབ་བྱས། ཚོགས་ཐོག་ཏུ་བསྟན་དོན། དཔྱད་ཞིབ་བཀོད་འདོམས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། དུས་ཐོག་ཏུ་སློབ་སྦྱོང་ལ་རྩ་འཛུགས་བྱེད་པ། དྲིལ་སྒྲོག་འགྲེལ་ཀློག་ལ་ཤུགས་སྣོན་པ། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ལོ་ཧྲིལ་བོའི་དཔྱད་ཞིབ་དང་དུས་ཚིགས་ཀྱི་དཔྱད་འཇོག་གཉིས་ཟུང་འབྲེལ་བྱེད་པ། ཟླ་གཉིས་ཀྱི་བཀོད་གཏོང་ལམ་ལུགས་བཀོལ་སྤྱོད་བཟང་བོ་བྱས་ཏེ། བྱ་བའི་ཁྲོད་གནས་པའི་གཙོ་གནད་དང་དཀའ་གནད་ཐག་གཅོད་པར་སྐུལ་འདེད་གཏོང་དགོས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་རང་འགུལ་གྱིས་ཁག་ཁུར་འབད་འཐབ་བྱེད་པ་དང་། དཔྱད་ཞིབ་བྱེད་ཐབས་དང་བྱེ་བྲག་བྱ་བ་ཕན་ཚུན་མཉམ་བསྲེས་དང་སྐུལ་འདེད་བཏང་ནས། ལག་ལེན་ཁྲོད་སྤྱི་སྡོམ་བྱེད་པ་དང་ཇེ་ལེགས་སུ་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་གཙོ་གཞི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་། བྱེད་ཐབས་ལ་ཤན་སྦྱར་ནས་དུས་ཐོག་ཏུ་གནས་ཚུལ་ལ་རྒྱུས་ལོན་བྱེད་པ། དུས་ཐོག་ཏུ་རྗེས་འདེད་བྱེད་པ་དང་སྐུལ་འདེད་གཏོང་བ། ཧུར་ཐག་གིས་ལོ་གཅིག་ནང་མགྱོགས་མྱུར་སྒོས་ཡར་ཐོན་བྱེད་པ་དང་། ལོ་གཉིས་ནང་གྲུབ་འབྲས་མངོན་པར་བྱེད་པ། ལོ་གསུམ་ནང་རྒྱལ་ཡོངས་ཀྱི་སྟོད་རྒྱུད་དུ་འགྲོ་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས།

ཚོགས་ཐོག་ནས་རྩ་དོན་སྟེང2023ལོའི་ཆབ་སྲིད་གྲོས་མོལ་གྲོས་དོན་བཀོད་སྒྲིག་འཆར་འགོད་དང2023ལོའི་དམངས་གཙོ་ཏང་ཁག ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣའི་གཙོ་གནད་རྟོག་ཞིབ་སྐོར་གྱི་བརྗོད་གཞི་བཀོད་སྒྲིག་འཆར་གཞི་ལ་འཐད་པ་བྱུང་། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བརྟག་བཤེར་ཞིབ་འཇུག་རྒྱ་ཆེར་སྤེལ་བར་ཟུང་འབྲེལ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་དང་ཉེ་བར་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་བྱ་བ་གཙོ་བོ་གཙིགས་འཛིན་བྱས་ཏེ། འཆར་གཞི་ལག་བསྟར་བཟང་བོ་བྱེད་པ་དང་རྟོག་ཞིབ་བརྗོད་གཞི་གཙོ་བོ་ལག་བསྟར་བཟང་བོ་བྱེད་དགོས། ཏང་ཕྱིའི་མི་སྣའི་རྒྱུས་ལོན་ལམ་བུ་རྒྱ་སྐྱེད་པ་དང་། དམངས་གཙོ་ཏང་ཁག་དང་ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་དམིགས་ནས་རྟོག་ཞིབ་བྱས་ཏེ། རང་ཞིང་གི་ཆབ་སྲིད་གྲོས་མོལ་བྱ་བ་ལམ་ལུགས་ཅན་དང་རིམ་ལྡན་ཅན། ཚད་ལྡན་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ཏུ་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་ཤེས་ལྡན་མི་སྣའི་འཕེལ་རྒྱས་འཆར་གཞི་ལ་གྲོས་ཞིབ་བྱས་པར་མ་ཟད། བྱ་བ་གཞན་པར་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།