མཚོ་སྔོན་ཞིང་ཆེན་དང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་གཉིས་ཀྱིས་མཚོ་སྔོན་གྱི་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མཉམ་འཛུགས་བྱེད་པའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བརྙན་རིས་ཀྱི་ལམ་ནས་བསྡུས།
2023.04.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་བཞི་པའི་ཚེས་བཞི་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་གཉིས་ཀྱིས་མཚོ་སྔོན་གྱི་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མཉམ་འཛུགས་བྱེད་པའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བརྙན་རིས་ཀྱི་ལམ་ནས་བསྡུས། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། མཚོ་སྔོན་གྱིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་ཇུས་གཞིའི་ལས་འགན་གཙོ་བོ་ལག་བསྟར་བྱེད་པར་གཅིག་འདོམས་བྱས་ལ། གོ་རིམ་རྗེས་མའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཅིན་ཀྲོང་ལུང་གིས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཚོགས་ར་ནས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ཚོགས་ར་ནས་གཏམ་བཤད།

ཅིན་ཀྲོང་ལུང་གིས་བསྟན་དོན། མཚོ་སྔོན་དུ་རང་རྒྱལ་གྱི་ཆེས་ཆེ་བའི་ཚྭ་མཚོའི་ཚོགས་ཡོད་པ་དང་། མཚོ་སྔོན་གྱི་ཚྭ་མཚོ་ཡང་རང་རྒྱལ་གྱི་ཆེས་ཆེ་བའི་ཅཱ་ལུད་དང་ཅཱ་ཚྭའི་ཐོན་སྐྱེད་རྟེན་གཞི་ཡིན་པས། ང་ཚོས་བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱས་ནས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་ནུས་ཁུངས་ཐོན་ཁུངས་ཀྱི་འགན་སྲུང་ཇེ་དྲག་ཏུ་གཏོང་བ། ཁུལ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་གསར་བ་འཇོག་དགོས། འཆར་གཞི་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། རྒྱུན་མཐུད་ངང་ཅཱའི་ཐོན་ཁུངས་གསར་སྤེལ་བྱེད་པ་དང་ཕན་པ་ལྡན་པའི་སྒོ་ནས་ལིས་ཐོན་ཁུངས་གསར་སྤེལ་བྱེད་པ། རང་ནུས་ཅི་ལྕོགས་ཀྱིས་མཱེའི་ཐོན་ཁུངས་བེད་སྤྱོད་བྱས་ཏེ། ས་བབ་དང་བསྟུན་ནས་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་པའི་ཐོན་ལས་ཕྲེང་འབྲེལ་འཛུགས་དགོས། ལས་འགན་གཙོ་བོ་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་བ་དང་། གསར་གཏོད་དང་ཁེ་ལས། ཐོན་རྫས། ཤེས་ལྡན་མི་སྣ། ཐོན་ལས་མཉམ་བསྲེས། འཁོར་རྒྱུག་དཔལ་འབྱོར་བཅས་ཀྱི་བྱ་བ་དམ་འཛིན་བྱས་ནས། ཚྭ་མཚོའི་ཐོན་ལས་མཉམ་ལས་སྒོས་འཕེལ་རྒྱས་སུ་གཏོང་བའི་མ་ལག་གསར་བ་འཛུགས་དགོས། གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། སྲིད་གཞུང་དང་ཁེ་ལས། ཆེད་མཁས་པའི་ནུས་པ་འདོན་སྤེལ་བྱེད་པ། བྱ་བར་སྐུལ་འདེད་གཏོང་བའི་མཉམ་ཤུགས་སྔར་ལས་ཆེན་པོ་གྲུབ་པར་བྱས་ཏེ། རིགས་གསར་བའི་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བ་དང་བཟོ་སྐྲུན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་ཤུགས་ཡོད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།

ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་དུས་ཡུན་རིང་བོར་མཚོ་སྔོན་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པའི་མཐོ་ཚད་དུ་འགྲེང་ནས། ཞིང་ཆེན་དང་པུའུ་གཉིས་ཀྱི་མཉམ་འཛུགས་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་བཏང་བ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་འགུལ་སྐྱོད་ཇུས་གཞིའི་མཛུབ་སྟོན་དང་ཆེད་མཁས་པའི་ལག་རྩལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་ནས། མཚོ་སྔོན་གྱིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་བརྩོན་ལེན་བྱེད་པའི་ཐད་རྨང་གཞི་བརྟན་པོ་བཏིངས། ཚྭ་མཚོའི་ཐོན་ཁུངས་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་གལ་ཆེན་ཡིན་པ་དང་། ཚྭ་མཚོའི་ཐོན་ལས་ནི་མཚོ་སྔོན་གྱི་ཁྱད་ལྡན་དགེ་མཚན་ཐོན་ལས་གལ་ཆེན་ཡིན་ལ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་ལག་བསྟར་བྱེད་པ་དང་། རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དེ་ཡིན་པས། ང་ཚོས་སྟོབས་ཤུགས་ཡོད་རྒུས་ཞིང་ཆེན་དང་པུའུ་གཉིས་ཀྱི་མཉམ་འཛུགས་རྐྱེན་སྲོལ་བཀོལ་སྤྱོད་བྱེད་པ་དང་། འགུལ་སྐྱོད་ཇུས་གཞི་ལ་དམིགས་ནས། ཚྭ་མཚོའི་ཐོན་ལས་ཚུལ་བསྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་བསྡུས་གསར་སྤེལ་དང་རྒྱུན་མཐུད་བེད་སྤྱོད་ཀྱི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་བརྟན་བརླིང་ངང་འཛུགས་སྐྲུན་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དང་། མཚོ་སྔོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་གོ་སྐབས་གལ་ཆེན་ཡིན་པས། ཚད་མཐུན་མ་ལག་སྟེང་ཤུགས་བསྣན་ནས་མཆོང་བརྒལ་བྱེད་པ་དང་། སྣེ་ཁྲིད་རང་བཞིན་དང་ཚན་རིག་རང་བཞིན། མཉམ་ལས་རང་བཞིན་འབུར་དུ་་ཐོན་པར་བྱས་ནས། ཚན་རྩལ་གསར་བརྗེ་དང་ཐོན་ལས་བཅོས་སྒྱུར་གྱི་གནས་བབ་དང་མཐུན་པའི་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་གྱི་ཚད་གཞིའི་མ་ལག་འཛུགས་སྐྲུན་བྱེད་དགོས། ཐོན་ལས་མ་ལག་སྟེང་ཤུགས་བསྣན་ནས་མཆོང་བརྒལ་བྱེད་པ་དང་། ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་ཁེ་ལས་སྟོབས་ལྡན་དུ་གཏོང་བ། འདུ་ཚོགས་སྟོབས་ལྡན་འཛུགས་སྐྲུན་བྱས་ཏེ། འཛམ་གླིང་གི་རྩེ་གྲས་སུ་བསྐྱོད་པའི་དེང་རབས་ཐོན་ལས་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་དགོས། ལག་རྩལ་འགག་གཏོར་སྟེང་ཤུགས་བསྣན་ནས་མཆོང་བརྒལ་བྱེད་པ་དང་། མཁྲེགས་གཏོར་གྱི་མཉམ་ཤུགས་གཅིག་ཏུ་བསྡུ་བ། གནད་འགག་ལག་རྩལ་གྱི་དཀའ་གནད་ཐག་བཅད་དེ། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱེད་པའི་ལས་ཆོད་མཐོར་འདེགས་སུ་གཏོང་དགོས། ཐོན་ཁུངས་སྦྲེལ་མཐུད་སྟེང་ཤུགས་བསྣན་ནས་མཆོང་བརྒལ་བྱེད་པ་དང་། ཡོང་འཕར་གཏོང་ཉུང་དང་ནུས་སྤེལ་གསོག་འཕར་བྱེད་པར་དོ་སྣང་བྱས་ནས། ཚྭ་མཚོའི་ཐོན་ཁུངས་རྒྱུན་སྲིང་སྒོས་གསར་སྤེལ་དང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་སྟེང་ཤུགས་བསྣན་ནས་མཆོང་བརྒལ་བྱས་ཏེ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་སྟེང་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཏང་ཙུའུ་ཁོངས་མི། པུའུ་ཀྲང་གཞོན་པ་ཝང་ཅང་ཕིང་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་གྲོས་ཚོགས་ལ་ཞུགས། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཚོགས་ཞུགས་འགོ་ཁྲིད་ཀྱིས་ཞིང་ཆེན་དང་པུའུ་གཉིས་ཀྱིས་མཚོ་སྔོན་གྱི་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མཉམ་འཛུགས་བྱེད་པའི་ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཏོན་ཞུའེ་དང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཕན་ཧྥུའུ་ཧྲིན་སོགས་ཆེད་མཁས་པར་གདན་ཞུ་འཛིན་ཡིག་བྱིན། ཏོན་ཞུའེ་ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་སྡུད་རུབ་པ་ཡིན་པའི་ཆ་ནས་གཏམ་བཤད། འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན་གྱིས2022ལོའི་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱས་པའི་གནས་ཚུལ་དང2023ལོའི་བྱ་བ་གཙོ་བོ་ཡར་ཞུ་བྱས་པ་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་རྒྱུ་ཆས་བཟོ་ལས་ཟི་དང་མཚོ་ནུབ་ཁུལ་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོས་གཏམ་བཤད།

རིན་ཆེན་མཚོས་བསྒྱུར།