ཟླ་བཞི་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལའེ་ཨུན་དང་མཉམ་དུ་ཀྲུང་གོ་དང་ཧྥ་རན་སི། ཡོ་རོབ་གླིང་ཕྱོགས་གསུམ་གྱི་གྲོས་མོལ་ཚོགས་འདུ་བསྡུས།
ཟླ་བཞི་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལའེ་ཨུན་དང་མཉམ་དུ་ཀྲུང་གོ་དང་ཧྥ་རན་སི། ཡོ་རོབ་གླིང་ཕྱོགས་གསུམ་གྱི་གྲོས་མོལ་ཚོགས་འདུ་བསྡུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་གླིང་ཕྱོགས་གཉིས་ཀར་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ཡོད་པ་དང་མཉམ་ལས་འགྲན་རྩོད་ལ་ཤུགས་ཆེ་ཞིང་ཐུན་མོང་གི་ལྟ་ཚུལ་འགལ་བ་ལས་མང་། དེང་སྐབས། རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བས། ཀྲུང་གོ་དང་ཡོ་རོབ་གླིང་ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། གྲོས་མོལ་མཉམ་ལས་ལ་ཤུགས་སྣོན་ཞིང་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་། མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་བ། ལག་རྡང་སྦྲེལ་ཏེ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་དགོས། ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ཉི་ཤུ་འགོར་བའི་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་དང་དགོངས་གཞི་གཙོ་བོ་ཁོང་དུ་ཆུད་པར་བྱེད་པ་དང་། རིམ་པ་སོ་སོའི་འགྲོ་འོང་ཕྱོགས་ཡོངས་ནས་སླར་གསོ་བྱེད་པ། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་ནས། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་འཕེལ་རྒྱས་དང་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ཀྱི་ཐད་ལ་སྒུལ་ཤུགས་གསར་བ་སྣོན་འདོད་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱེད་པ་དང་། མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་འཛམ་གླིང་བཅོས་སྐྱོང་ལྟ་བ་རྒྱུན་འཁྱོངས་བྱེད་པར་མ་ཟད། ཡོ་རོབ་གླིང་ཕྱོགས་དང་མཉམ་དུ་ཕྱོགས་མང་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དམིགས་འབེན་དང་རྩ་དོན་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་ཆེ་ཕྱོགས་དཔལ་འབྱོར་དང་དངུལ་རྩའི་སྲིད་ཇུས་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་ཞིང་ལྗང་མདོག་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། ལྗང་མདོག་དངུལ་རྩ་དང་ཁོར་ཡུག་ལག་རྩལ། དག་གཙང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་གྲོས་མོལ་དང་མཉམ་ལས་ལ་ཤུགས་སྣོན་དགོས། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་རོགས་རམ་བྱས་བྱས་ཏེ། སྣ་མང་སྒྲིག་གཞི་དང་དངུལ་རྩའི་མ་རྩ་སྔར་ལས་མང་པོ་ཞིག་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་བུ་ལོན་ཐག་གཅོད་ཀྱི་གྲོས་མགོ་བཏོན་པའི་ཁྲོད་དུ་ཞུགས་པར་སྐུལ་འདེད་གཏོང་བ་དང་། ཨ་ཧྥེ་རི་ཁ་སོགས་སུ་ཕྱོགས་གསུམ་དང་ཕྱོགས་མང་མཉམ་ལས་སྤེལ་བྱེད་པ་བགྲོ་གླེང་བྱེད་དགོས།
ཧྥིན་ཏི་ལའེ་ཨུན་གྱིས་བསྟན་དོན། ཡོ་རོབ་གླིང་ཕྱོགས་ཀྱིས་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ལ་བརྩི་འཇོག་བྱེད་ཀྱིན་ཡོད། ཡོ་རོབ་གླིང་དང་ཀྲུང་གོས་ལྷག་བསམ་རྣམ་དག་དང་འཛུགས་སྐྲུན་རང་བཞིན་གྱི་གྲོས་མོལ་བྱེད་པ་དང་། ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱེད་པ་དེ་ཡོ་རོབ་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་འབྲེལ་བ་ཆེན་པོ་ཡོད། ཡོ་རོབ་གླིང་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཡོ་རོབ་གླིང་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་གི་མཐོ་རིམ་གྲོས་མོལ་སླར་གསོ་བྱས་ཏེ། ཡོ་རོབ་གླིང་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་བརྟན་འཇགས་དང་དོ་མཉམ་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད།
མཱ་ཁི་ལུང་གིས་བསྟན་དོན། དེང་སྐབས་འཛམ་གླིང་དུ་གཏན་འཁེལ་མིན་པའི་རང་བཞིན་ཤུགས་དྲག་པས། ཡོ་རོབ་གླིང་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་བྱེད་པ་དང་ལྷག་བསམ་རྣམ་དག་དང་ཁེངས་སྐྱུང་གུས་ཞབས་བྱེད་པའི་རྣམ་འགྱུར་བཅངས་ཏེ་གྲོས་མོལ་དང་བརྗེ་རེས་ལ་ཤུགས་སྣོན་དགོས། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། འདྲ་མཉམ་དང་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ་དང་། ནམ་ཟླའི་འགྱུར་ལྡོག་སོགས་དགོས་གལ་ཆེ་བའི་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་ནས། ཡོ་རོབ་གླིང་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས།
མགོ་ཁྲིད་པ་གསུམ་པོས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་ནས་བསམ་འཆར་བརྗེ་རེས་མཛད། ཧྥིན་ཏི་ལའེ་ཨུན་དང་མཱ་ཁི་ལུང་གཉིས་ཀྱིས་ཡོ་རོབ་གླིང་ཕྱོགས་ཀྱི་ལྟ་ཚུལ་མཚམས་སྦྱོར་བྱས་པ་དང་། ཀྲུང་གོ་ཕྱོགས་ནི་ཝུའུ་ཁི་ལན་ཉམས་ཉེན་བཟོ་མཁན་མིན་ཞེས་བསྟན། ཡོ་རོབ་གླིང་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཆབ་སྲིད་ཀྱི་ལམ་ནས་ཝུའུ་ཁི་ལན་ཉམས་ཉེན་ཐག་གཅོད་པར་ནུས་ཤུགས་གང་ཡོད་བཏོན་པར་གཟེངས་བསྟོད་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ནུས་པ་སྔར་ལས་ཆེན་པོ་འདོན་པར་རེ་སྒུག་བྱས་ཡོད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་ལས་བྱས་ཏེ། སྐུལ་འདེད་གཏོང་བ་དང་གྲོས་མོལ་བྱེད་པའི་ཐབས་ལམ་བཙལ་འདོད་ཡོད་ཟེར།
ཝང་དབྱི་དང་ཆིན་ཀང་སོགས་གྲོས་མོལ་ལ་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།